རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས་པ།

རྒྱ་ནག་གི་མཚོ་ཐོག་དམག་དཔུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དམག་དོན་སྦྱོང་རྡར་བྱས་ཡོད་འདུག

2010.11.03

༄༅༎རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཐོག་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན་ རྒྱ་ནག་གི་མཚོ་ཐོག་དམག་དཔུང་གིས་རྒྱ་ནག་གི་ཁྱིམ་ཚེས་རྒྱལ་ཁབ་དང་བདག་དབང་རྩོད་གླེང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་གཟའ་མིག་དམར་ཉིན་དམག་དོན་སྦྱོང་རྡར་བྱས་ཡོད་པ་དང་ དམག་དོན་སྦྱོང་རྡར་དེའི་ནང་མཚོ་ཐོག་གི་རྐང་དམག་༡༨༠ལྷག་མཉམ་ཞུགས་བྱས་ཡོད་ཅིང་། དམག་གྲུ་༡༠༠ལྷག་དང་མཚོ་འོག་བསྐྱོད་ཐུབ་པའི་དམག་གི་གྲུ་གཟིངས་དང་ དམག་གི་གནམ་གྲུ་སོགས་བེད་སྤྱོད་བྱས་ནས་དམག་དོན་སྦྱོང་རྡར་བྱས་ཡོད་པའི་སྐོར་དམག་དཔུང་གི་དཔོན་རིགས་ནས་རྒྱལ་སྤྱིའི་དུས་དེབ་ཅེས་པའི་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་རེད་   ཡང་གནས་ཚུལ་ནང་འཁོད་པར་ ད་རེས་ཀྱི་དམག་དོན་སྦྱོང་རྡར་དེའི་ནང་རྒྱ་ནག་དམག་དོན་སློབ་གྲའི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་ཁབ་༤༠ཙམ་གྱི་སློབ་མ་ཉིས་བརྒྱ་ལྷག་ཙམ་ཡང་ལྟ་ཞིབ་པའི་མིང་ཐོག་ནས་དམག་དོན་སྦྱོང་རྡར་དེའི་ནང་ཞུགས་ཡོད་པ་རེད་ པེ་ཅིན་ནང་ཡོད་པའི་རྒྱ་ནག་གི་དམག་དོན་གནད་དོན་ཉམས་ཞིབ་པ་ལིའི་ཇལ་གྱིས་གསུང་ན་ ད་རེས་ཀྱི་དམག་དོན་སྦྱོང་རྡར་དེ་བཞིན་ཕྱོགས་གཅིག་ནས་རྒྱུན་ལྡན་གྱི་དམག་དོན་སྦྱོང་རྡར་ཞིག་ཡིན་པ་རེད་ལ་ ཕྱོགས་གཞན་ཞིག་ནས་ལྟས་ན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་ད་ལྟའི་གནས་སྟངས་ཤིག་ཡང་མཚོན་ཐུབ་རྒྱུ་ཡིན་ཞིང་ རྒྱ་ནག་གཞུང་གིས་མཚོ་ཁུལ་དེའི་ནང་དམག་དོན་སྦྱོང་རྡར་བྱས་ནས་ཕྱི་ཕྱོགས་སུ་དམིགས་བསལ་གྱི་མཚོན་རྟགས་བསྟན་པ་ཞིག་མིན་ཡང་ དེའི་ཐོག་ནས་རྒྱ་ནག་གི་མཚོ་ཐོག་དམག་དཔུང་གི་སྟོབས་ཤུགས་ཕྱི་ཕྱོགས་སྟོན་པ་ཞིག་ཡང་མཚོན་ཐུབ་རྒྱུ་ཡིན་ལུགས་གསུང་འདུག གོང་ཞུས་དམག་དོན་སྦྱོང་རྡར་དེའི་སྐོར་རྒྱ་ནག་སྲུང་སྐྱོབ་ལས་ཁང་གིས་ད་ལྟའི་ཆར་ལན་འདེབས་གང་ཡང་བྱས་མེད་པ་རེད་ ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁུལ་དུ་རང་འབྱུང་གི་གཏེར་ཁ་ཕུན་གསུམ་ཚོགས་པོ་ཡོད་པར་བརྟེན་ནས་ རྒྱ་ནག་དང་ ལྦིཏ་ནམ་ ཕེ་ལི་ཕི་ མ་ལ་ཤི་ཡ་ ཐེ་ལྦན་སོགས་ཡུལ་ཁག་གིས་དེའི་ཁུལ་གྱི་བདག་དབང་ཡོད་པར་རྩོད་གླེང་བྱེད་བཞིན་ཡོད་པ་རེད 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎