རྒྱ་ནག་གིས་སོག་ཡུལ་གྱི་དངོས་ཟོག་ལ་དཔྱ་ཁྲལ་གསར་བ་བཀེལ་འདུག


2016.12.01
༧གོང་ས་མཆོག་གིས་སོག་ཡུལ་དུ་དད་ལྡན་པ་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་གནང་སྐབས། ༢༠༡༦།༡༡།༢༠ ༧གོང་ས་མཆོག་གིས་སོག་ཡུལ་དུ་དད་ལྡན་པ་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་གནང་སྐབས། ༢༠༡༦།༡༡།༢༠
OHHDL

༧གོང་ས་མཆོག་གི་སོག་ཡུལ་གྱི་ཆིབས་བསྒྱུར་རྗེས་རྒྱ་ནག་གིས་སོག་ཡུལ་གྱི་ཕྱི་ཚོང་དངོས་ཟོག་ལ་དཔྱ་ཁྲལ་གསར་བ་བཀེལ་འདུག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་སོག་ཡུལ་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་པའི་རྐྱེན་རྒྱ་ནག་དང་སོག་ཡུལ་དབར་འགལ་ཟླའི་གནས་ཚུལ་ལས་འཕྲོས་རྒྱ་ནག་གཞུང་གིས་སོག་ཡུལ་དང་རྒྱ་ནག་དབར་གྱི་ས་འབྲེལ་ས་མཚམས་ཁུལ་དུ་སོག་ཡུལ་གྱི་ཕྱིི་ཚོང་དངོས་ཟོག་རིགས་ལ་དཔྱ་ཁྲལ་གསར་པ་བཀོད་འདོམས་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་གནང་ཚེ། རྒྱ་ནག་དང་སོག་ཡུལ་དབར་གྱི་འབྲེལ་བར་དོ་ཕོགས་འགྲོ་ཉེན་ཆེ་བའི་ཉེན་བརྡ་བཏང་ཡོད་པ་རེད། འདི་ཚེས་༡་ཉིན་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ནང་སོག་ཁུལ་དུ་ཡོད་པའི་Gashunn Sukhait་ཞེས་སོག་ཡུལ་ནས་ཟངས་ལ་སོགས་པའི་གཏེར་དངོས་དབོར་འདྲེན་བྱ་སའི་ས་མཚམས་སུ། སོག་ཡུལ་གྱི་གཏེར་ཁའི་ཕྱི་ཚོང་རིགས་ལ་དཔྱ་ཁྲལ་གསར་པ་བཀེལ་ཡོད་འདུག
སོག་པོའི་གཏེར་ལས་དུས་དེབ་ཞེས་པའི་ནང་སོག་གི་དུས་དེབ་ཞིག་གིས་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་བཀོད་པའི་ནང་། དཔྱ་ཁྲལ་གསར་པ་དེའི་འོག་སོག་ཡུལ་ནས་ནང་སོག་ཁུལ་འགྲུལ་བཞུད་བྱ་མཁན་སྣུམ་འཁོར་རེ་རེར་རྒྱ་སྒོར་བཅུ་རེ་དང་། དེ་བཞིན་ཚོང་ཟོག་དབོར་འདྲེན་གྱི་སྣུམ་འཁོར་རིགས་ལ་དངོས་ཟོག་གི་ལྗིད་ཚད་Ton་རེ་རེར་རྒྱ་ནག་གི་ཤོག་སྒོར་བརྒྱད་རེ་བཅས་ཀྱི་དཔྱ་ཁྲལ་བཀེལ་ཡོད་པ་རེད།
སོག་ཡུལ་གྱི་རྒྱལ་ས་Ulaanbaatar་དུ་རྟེན་གཞི་བྱེད་པའི་Dale Choi་ཞུ་བས་གཏེར་ལས་ཉམས་ཞིབ་པ་ཞིག་གིས། Gashunn Sukhait་ཞེས་པའི་སོག་པོ་དང་རྒྱ་ནག་གི་ས་མཚམས་དེའི་བརྒྱུད་ཉིན་རེར་སོག་ཡུལ་ནས་དོལ་བསྐྱེལ་སྣུམ་འཁོར་༩༠༠་ལྷག་འགྲུལ་བཞུད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་དཔྱ་ཁྲལ་གསར་པ་དེ་བཞིན་དེ་རིང་ཚེས་༡་ནས་ལག་བསྟར་འགོ་འཛུགས་བྱ་རྒྱུ་ཡིན་པ་བརྗོད་འདུག
རོ་ཨི་ཀྲར་གསར་ལས་ཁང་གིས། སོག་ཡུལ་ནང་གི་འབྲེལ་ཡོད་ས་གནས་གཞུང་ལ་རྒྱ་ནག་གཞུང་གིས་སོག་ཡུལ་གྱི་ཕྱི་ཚོང་རིགས་ལ་དཔྱ་ཁྲལ་གསར་པ་བཀེལ་བའི་གནད་དོན་སྐོར་འདྲི་རྩད་བྱས་པར། ཁ་གསལ་ལན་འདེབས་བྱུང་མིན་འདུག་ཀྱང་རྒྱལ་ས་Ulannbaatar་ནང་རྟེན་གཞི་བྱེད་པའི་གཏེར་ལས་ཚོང་དོན་ལས་ཁང་གི་སྐུ་ཚབ་ཞིག་གིས། དེ་ལྟར་དངོས་འབྲེལ་ཡིན་པ་ར་སྤྲོད་བྱས་འདུག
རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Geng Shaung་གིས་ རྒྱ་ནག་དང་སོག་པོའི་ས་མཚམས་ཁུལ་དུ་དཔྱ་ཁྲལ་གསར་བ་བཀེལ་ཡོད་པ་དེ་སོག་ཡུལ་ནང་ཏཱ་ལའི་བླ་མའི་ཆིབས་བསྒྱུར་གནང་པ་དང་འབྲེལ་ཆགས་ཡོད་མིན་ཁ་གསལ་ལན་འདེབས་བྱས་མིན་འདུག་ཀྱང་གཞི་རྩའི་ཏཱ་ལའི་བླ་མ་སོག་ཡུལ་ནང་ཕེབས་པའི་གནད་དོན་ཐད་རྒྱ་ནག་གཞུང་གི་བལྟ་ཚུལ་དེ་སོག་པོའི་གཞུང་ལ་བརྡ་ལན་གསལ་པོ་སྤྲད་ཡོད་ལུགས་གསལ་སྟོན་བྱས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎