རྒྱ་ནག་གིས་ཀ་ཤི་མིར་ནི་རང་བཙན་རྒྱལ་ཁབ་ཡིན་ལུཌ་བཤད་པ།

རྒྱ་ནག་གིས་ས་ཁྲའི་ནང་ཀ་ཤི་མིར་ནི་རྒྱ་གར་ནས་ཐ་དད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

2009.10.20

༄༅༎རྒྱ་ནག་གིས་ས་ཁྲའི་ནང་ཀ་ཤི་མིར་ནི་རྒྱ་གར་ནས་ཐ་དད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཀོད་དེ་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་ཡོད་མུས་ཀྱི་གནད་དོན་དེ་ད་དུང་ཆེ་རུ་བཏང་ཡོད་པ་རེད།

ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཇ་མུ་དང་ཀ་ཤི་མིར་ནས་ཡིན་པ་རྒྱ་གར་གྱི་པ་སེ་ཡོད་པའི་མི་རྒྱ་ནག་ཏུ་འགྲོ་མཁན་ཚོར་རྒྱ་ནག་གི་ཐོངས་མཆན་ལྦི་ས་རྒྱ་གར་གྱི་པ་སེའི་ཐོག་མ་སྤྲད་པར་ཟུར་དུ་ཤོག་ཛར་ཞིག་གི་ཐོག་སྤྲད་པའི་སྲོལ་འགོ་བཙུགས་ཡོད་པ་རེད།

ཨིན་ཌོ་ཨེ་ཤིཡེན་ནིའུ་སི་སར་ལྦི་སི་ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱེད་པའི་ས་ཁྲ་དང་གསར་འགྱུར་དྲིལ་བསྒྲགས་དེ་བཞིན་ཡུལ་བསྐོར་སྤྲོ་འཆམ་པའི་དྲིལ་བསྒྲགས་སོགས་ཀྱི་ནང་ཀ་ཤི་མིར་ནི་རྒྱ་གར་ནས་ལོགས་སུ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད་འདུག་ཅིང་དཔེར་ན་གསར་འགོད་པར་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་བྱེད་པའི་ཤོག་བསྒྲིལ་གྱི་ནང་བོད་ནི་རྒྱ་གར་དང་བལ་ཡུལ་ འབར་མ་དང་ཀ་ཤི་མིར་བཅས་དང་ས་འབྲེལ་འཁེལ་ཡོད་པ་རེད་ཅེས་བརྗོད་ཡོད་འདུག

དེ་བཞིན་རྒྱ་ནག་གིས་ཨ་རུ་ན་ཅལ་པཱར་རྡེཤ་ཡང་རྒྱ་ནག་གི་ས་ཁོངས་ཡིན་པ་བརྗོད་བཞིན་ཡོད་པ་དང་རྒྱ་གར་གྱི་སྲིད་བློན་ཉེ་ཆར་ས་ཁུལ་དེར་ཕེབས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད་ལ་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་གྱིས་དབང་བསྒྱུར་བྱས་པའི་ཀ་ཤི་མིར་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་འགོ་འཛུགས་བྱ་རྒྱུར་ཁས་ལེན་བྱས་ཡོད་པ་དང་རྒྱ་གར་གཞུང་གིས་ས་ཁུལ་དེ་དག་ནི་ཕྱི་ལོ་༡༩༤༧ལོ་ནས་བཟུང་པ་ཀི་སི་ཐན་གྱིས་ཁྲིམས་འགལ་གྱི་ཐོག་ནས་དབང་བསྒྱུར་བྱེད་བཞིན་པའི་ས་ཁུལ་ཞིག་ཡིན་སྟབས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་དང་ཕུགས་རྒྱང་རིང་པོའི་འབྲེལ་ལམ་ལ་བསམ་སྟེ་ས་ཁུལ་དེའི་ནང་འཛུགས་བསྐྲུན་གྱི་ལས་གཞི་འགོ་འཛུག་བྱ་རྒྱུ་མེད་པའི་བསམ་འཆར་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎