རྒྱ་ནག་གིས་ཕྱི་རྒྱལ་གསར་འགོད་པར་བོད་སྐོར་བཤད་ཡོད་པ།

བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོག་ཐུབ་པའི་ཆེད་ཕྱི་རྒྱལ་བ་མང་ཙམ་བོད་ནང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པའི་སྐོར།

2011.09.03

༄༅༎བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོག་ཐུབ་པའི་ཆེད། ཕྱི་རྒྱལ་བ་མང་ཙམ་བོད་ནང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས། བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་ཚན་པའི་མགྲིན་ཚབ་པ་ཞིག་གིས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག 

དེ་ཡང་རྒྱ་གར་གྱི་གསར་འགྱུར་ལས་ཁང་ The Press Trust of India ཡིས་འདི་ཚེས་ ༡ ཉིན་གནས་ཚུལ་སྤེལ་བར་གཞིགས་ན།  ཉེ་ལམ་རྒྱ་ནག་གཞུང་གིས་ ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལ་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་འཐུས་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང༌།  གྲོང་ཁྱེར་ལྷ་སའི་ནང་འབྱོར་སྐབས་གསར་འགོད་པ་ཚོར་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་དྲིལ་བསྒྲགས་ལས་དོན་ཚན་པའི་འགན་འཛིན་གཞོན་པ་རྒྱ་རིགས་ཤེ་དབྱིང་ཟེར་བས་གཏམ་བཤད་ཅིག་བྱས་པའི་ནང༌། རྒྱ་ནག་གཞུང་གིས་བོད་ནང་གང་ཅིའི་ཐོག་འཛུགས་བསྐྲུན་དང༌། དེ་བཞིན་ཐག་རིང་གྲོང་གསེབ་ས་ཁུལ་ཁག་ཏུ་འགྲུལ་བཞུད་དང་འབྲེལ་མཐུད་ཀྱི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་པ་དེ་ལྟར་ཡང༌། ཏྭ་ལའི་བླ་མས་འཛམ་གླིང་གི་ཕྱོགས་གང་སར་བསྐྱོད་དེ། བོད་རང་སྐྱོང་ལྗོངས་ཀྱི་གནས་སྟངས་སྐོར་མང་ཚོགས་མགོ་སྐོར་ཐེབས་པའི་གཏམ་བཤད་མང་པོ་བྱེད་ཀྱི་ཡོད་པར་བརྟེན། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོག་ཐུབ་པའི་ཆེད། ཕྱི་རྒྱལ་བ་མང་ཙམ་བོད་ནང་འབྱོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཕྱི་ཕྱོགས་སུ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱེད་རྒྱུ་དེ་ནི་ང་ཚོའི་ལས་འགན་གཙོ་བོ་དེ་རེད་ཅེས་བཤད་ཡོད་པའི་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག།  ཡང་རྒྱ་ནག་གཞུང་གིས་ཉེ་ལམ་ ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་སར་ཁྲིད་དེ་དྲིལ་བསྒྲགས་ཀྱི་གཏམ་བཤད་དེ་དག་བྱེད་དགོས་པའི་རྒྱུ་མཚན་ནི།  འཛམ་གླིང་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་དང༌། བོད་མི་རྣམས་ཀྱིས་བོད་ལ་རང་སྐྱོང་གི་ཐོབ་ཐང་དགོས་པའི་རྩོད་ལེན་བྱེད་བཞིན་པ་དེར། རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་བཅས་འགོག་ཐབས་སུ་དམིགས་པ་ཞིག་ཡིན་པ་ལས། བོད་ནང་གི་བོད་མི་ཚོའི་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ནི།  གསར་འགོད་པ་ཚོས་ ས་གནས་བོད་མི་ཚོར་བོད་ནང་གི་གནས་སྟངས་སྐོར་འདྲི་རྩད་བྱེད་སྐབས་ ཞེད་སྣང་མེད་པར་སྐད་ཆ་ཤོད་ནུས་མཁན་ཆེས་དཀོན་པོ་འདུག་ཅེས། རྒྱ་གར་གྱི་གསར་འགྱུར་ལས་ཁང་ Press Trust of India ཡིས་སྤེལ་བའི་གནས་ཚུལ་དེའི་ནང་མུ་མཐུད་འགྲེལ་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎