འབྲོག་པ་ལྔ་ཁྲི་ཙམ་གྲོང་ཁྱེར་ཕྱོགས་སུ་གནས་སྤོས་བྱེད་བཅུག་པ།

རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཁག་ནས་འབྲོག་པ་མི་གྲངས་ལྔ་ཁྲི་ལྷག་ཙམ་འབྲོག་སའི་ཁུལ་ནས་གྲོང་ཁྱེར་གྱི་ཕྱོགས་སུ་གནས་སྤོས་བྱས་ཟིན་པ།

2009.08.24

༄༅༎རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཁག་ནས་འབྲོག་པ་མི་གྲངས་ལྔ་ཁྲི་ལྷག་ཙམ་འབྲོག་སའི་ཁུལ་ནས་གྲོང་ཁྱེར་གྱི་ཕྱོགས་སུ་གནས་སྤོས་བྱས་ཟིན་པ་དང་ད་དུང་མུ་མཐུད་ནས་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ཤིང་ཧ་གསར་སྤེལ་ཁང་གིས་གནས་ཚུལ་དྲིལ་བསྒྲགས་སྤེལ་དོན་ལྟར་ན་འདས་པའི་ལོ་ངོ་བཞིའི་ནང་བོད་ཀྱི་འབྲོག་ཁུལ་ནས་བོད་མི་བཞི་ཁྲི་དགུ་སྟོང་དྲུག་བརྒྱ་སུམ་ཅུ་སོ་གཅིག་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གཏན་སྡོད་ཀྱི་ཆེད་དུ་གནས་སྤོས་ཀྱི་ལས་འཆར་ལག་ལེན་བསྟར་ཟིན་པ་དང་མུ་མཐུད་ནས་ལག་ལེན་བསྟར་ནས་བོད་ཀྱི་འབྲོག་པའི་ས་ཁུལ་ནས་བོད་མི་འབུམ་གཅིག་གནས་སྤོས་བྱེད་རྒྱུ་ཡིན་པའི་ཁྱབ་སྤེལ་བྱས་འདུག

རྒྱ་ནག་གིས་བོད་རིགས་གནས་སྤོས་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་བཤད་ཀྱི་ཡོད་ཅིང་བོད་ཀྱི་འབྲོག་པ་རྣམས་ཀྱི་གོ་ཕྱུགས་སེམས་ཅན་ཚོས་རྩྭ་ར་ཚད་གཞི་ལས་བརྒལ་བ་ཟ་བའི་ཤུགས་རྐྱེན་འོག་འཁོར་ཡུག་ལ་གནོད་འཚེ་བཟོ་གི་ཡོད་པ་དང་བོད་རིགས་འབྲོག་པ་རྣམས་ས་གནས་གཅིག་ནས་གཞན་དུ་རྒྱུན་ལྡན་ཐོག་གནས་སྤོས་བྱེད་མི་དགོས་པ་ས་གནས་གཅིག་ཏུ་གཞི་ཆགས་ནས་གཏན་དུ་སྡོད་པའི་ཆེད་དུ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།

བཙན་བྱོལ་དུ་གནས་པའི་ཧུར་བརྩོན་ཅན་གྱི་བོད་རིགས་རྣམས་ཀྱིས་རྒྱ་ནག་གི་ལས་འཆར་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམ་བསྲོལ་དང་འཁོར་ཡུག་གཅེས་སྐྱོང་ལ་ཕན་ཐོགས་བཞིན་པའི་འབྲོག་པའི་འཚོ་བ་དེ་རྩ་མེད་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་སྐྱོན་བརྗོད་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎