རྒྱ་ནག་གིས་དགེ་འདུན་པ་གཉིས་ལ་ཁྲིམས་ཐག་བཅད་ཡོད་པ།
2011.01.07
༄༅༎ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་ཞུགས་པའི་ཉེས་འཛུགས་འོག རྒྱ་ནག་གཞུང་གིས། བོད་ཀྱི་ཨ་མདོ་ཀན་ལྷོ་ཅོ་ནེ་རྫོང་དུ་ཡོད་པའི་བཀྲིས་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པ་གཉིས་ལ་ལོ་ངོ་བཅུ་གསུམ་དང་བཅོ་ལྔའི་བཙོན་འཇུག་དང༌། ཡང་ཁུལ་དེ་རང་དུ་ཡོད་པའི་བྲག་དཀར་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ངོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར། བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས། འདི་གའི་བལ་ཡུལ་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་སུ་འགྲེལ་བརྗོད་གནང་བ་ཞིག་གཤམ་ལ་གསན་རོགས་གནང༌༎
![]() |
ཞིབ་ཕྲའི་གནས་ཚུལ་འདིར་གསན་རོགས། |