ཡུ་གུར་མི་སྲོག་ཐོག་བཏང་བ་ནི་ཁྲིམས་གཞིར་བཟུང་ཡིན་སྐོར།

ཡུ་གུར་མི་རིགས་དགུ་སྲོག་ཐོག་བཏང་བ་དེ་རྣམས་རྒྱ་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱས་པ་ཡིན་ཚུལ།

2009.11.10

༄༅༎ཁ་སྔོན་ཕྱི་ཟླ་བདུན་པའི་ནང་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གྱི་དུས་ཟིང་བྱུང་བའི་སྐབས་འཛིན་བཟུང་བྱས་པའི་ཡུ་གུར་མི་རིགས་དགུ་སྲོག་ཐོག་བཏང་བ་དེ་རྣམས་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱས་པ་ཡིན་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

ཕྱི་ཟླ་བདུན་པའི་ནང་ཡུ་གུར་མི་རིགས་ཚོས་སྤེལ་བའི་ངོ་རྒོལ་གྱི་དུས་ཟིང་དེའི་ནང་རྒྱ་ནག་གཞུང་གིས་ཁྱོན་མི་དམངས་༡༨༧རྐྱེན་ལམ་དུ་ཕྱིན་པའི་བསྡོམས་རྩིས་ཤོད་ཀྱི་ཡོད་པ་ལྟར་ད་ལྟ་བར་རྒྱ་ནག་གཞུང་གིས་དོན་རྐྱེན་དེའི་ནང་ཐེ་ཇུས་ཡོད་པའི་ཡུ་གུར་མི་རིགས་ཉི་ཤུ་རྩ་གཅིག་ལ་ནག་ཉེས་ཉེས་འཛུགས་བྱས་པ་དང་མི་གྲངས་བཅུ་གཉིས་ལ་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་ཏེ་དེའི་ནང་ནས་མི་གསུམ་ལ་དུས་ཚོད་ངེས་མེད་ནང་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། དེར་བརྟེན་ཨ་མི་རི་ཀ་གཞུང་གིས་རྒྱ་ནག་ལ་ཡུ་གུར་མི་རིགས་དེ་དག་ལ་ནག་ཉེས་ཉེས་འཛུགས་ཀྱིས་སྲོག་ཐོག་གི་ཐག་གཅོད་བྱས་པ་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་བ་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་ཏེ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ཐེངས་དང་པོ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་སྔ་རོལ་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་གཞི་བཟོས་ཡོད་པ་རེད། ཡིན་ནའང་དེ་རིང་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གཞུང་གི་གསར་འགོད་ལྷན་ཚོགས་ཐོག་ལ་གསར་འགོད་པའི་ཁྲོདནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་པའི་གནད་དོན་སྐོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་ལ་འདྲི་བ་བྱེད་པར་ལན་འདེབས་བྱས་དོན་ལ་ཁྱེད་ཚོས་བཤད་པའི་མི་དེ་དག་ནི་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཨུ་རུམ་ཆི་ནང་དུ་མི་གསོད་ཀྱི་བྱ་སྤྱོད་ནང་ཐེ་ཇུས་ཡོད་པ་ཞིག་ཡིན་པ་དང་ཁོང་ཚོར་རྒྱ་ནག་གཞུང་གིས་ཁྲིམས་ལུགས་གཞི་བཟུང་སྐབས་བབ་ཀྱི་གྱོད་དོན་དང་འབྲེལ་བའི་ཐག་གཅོད་བྱས་པ་རེད་ཅེས་ལན་འདེབས་བྱས་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ཨུ་རུམ་ཆི་ནང་གི་ཟིང་ཆའི་དོན་རྐྱེན་དང་འབྲེལ་བའི་གནད་དོན་སྐོར་ལ་ཐེངས་དང་པོ་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎