ནང་སོག་གི་དོན་རྐྱེན་ཐད་རྒྱ་གཞུང་གི་རྣམ་འགྱུར།

རྒྱ་ནག་གཞུང་ཕྱོགས་ནས་ཁྲིམས་འགལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་གཏོང་རྒྱུ་ཡིན་ལུགས།

2011.05.31

༄༅༎འདས་པའི་ཉིན་གྲངས་འགའ་ཤས་རིང་ནང་སོག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་བྱུང་བཞིན་པར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཚོའི་རྒྱུ་མཚན་ལྡན་པའི་དགོས་འདུན་ཁག་ལ་ཡ་ལན་བསམ་ཞིབ་བྱེད་རྒྱུ་དང། ཁྲིམས་འགལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་གཏོང་རྒྱུ་ཡིན་ལུགས་གཟའ་མིག་དམར་ཉིན་བརྗོད་འདུག།

དེ་ཡང་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚུགས་པའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ ཅའང་ཡུས། ངས་ཤེས་ཚོད་ལྟར་ན། ས་གནས་གཞུང་གིས་དོན་རྐྱེན་འདིའི་ཐད་དོ་སྣང་ཆེན་པོ་བྱས་ཏེ་ཁྲིམས་ལུགས་གཞིར་བཟུང་དགོས་ངེས་ལས་དོན་ལག་བསྟར་བྱ་རྒྱུ་རེད། ཡང་དེ་བཞིན་ས་གནས་གཞུང་གིས་ངོ་རྒོལ་བ་ཚོའི་རྒྱུ་མཚན་ལྡན་པའི་དགོས་འདུན་ཁག་ལ་བཟང་ཕྱོགས་ཀྱི་ཡ་ལན་ཡང་བྱེད་ཀྱི་རེད་ཅེས་བརྗོད་འདུག།

བར་སྐབས་ནང་སོག་ནང་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་དེ་དག་ནི་འདས་པའི་ལོ་ཉི་ཤུའི་ནང་གི་ངོ་རྒོལ་གྱི་ལས་འགུལ་ཆེ་ཤོས་དེ་ཡིན་ཞིང༌། ཐོག་མར་མི་མང་གི་ངོ་རྒོལ་དེ་ཕྱི་ཟླ་ལྔ་པའི་ཟླ་དཀྱིལ་ཙམ་ལ་ནང་སོག་བྱང་ཕྱོགས་འབྲོག་པའི་ས་ཁུལ་ཞིག་ཏུ་སོག་རིགས་དང་རྒྱ་རིགས་དབར་འཁྲུག་རྩོད་བྱུང་སྟེ་སོག་པོའི་མི་གཉིས་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་དེ་ནས་ལངས་ཤིང༌། ནང་སོག་གི་ས་ཁུལ་མང་པོའི་ནང་ངོ་རྒོལ་སྒེར་ལངས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

རྒྱ་ནག་གཞུང་གིས་འཕྲལ་དུ་ནང་སོག་གི་ནང་དམ་བསྒྲཌ་ཤུགས་ཆེ་བྱས་ཤིང་ ངོ་རྒོལ་བ་ཚོའི་ཁོང་ཁྲོ་ཆུང་དུ་གཏོང་ཐབས་ཆེད་སོག་པོའི་མི་གཉིས་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་དང་འབྲེལ་ཆགས་ཀྱི་མི་གསུམ་འཛིན་བཟུང་བྱས་པ་དང༌། ངོ་རྒོལ་བ་ཚོས་ནང་སོག་གི་ནང་རྒྱ་རིགས་ཁྱོན་ཆེ་གནས་སྤོ་བྱས་ཏེ་རྡོ་སོལ་གྱི་གཏེར་ཁ་ཤུགས་ཆེ་བསྔོག་བཏོན་བྱེད་བཞིན་པ་དེས། སོག་རིགས་ཚོའི་འཚོ་བའི་རྟེན་གཞི་འབྲོག་ལས་ཀྱི་ཐོན་སྐྱེད་ལ་གནོད་སྐྱོན་ཚབས་ཆེན་པོ་གཏོང་གི་ཡོད་པའི་ཞུ་འབོད་ལ་ཡང་བདག་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

ངོ་རྒོལ་གྱི་ལས་འགུལ་སྐབས་མཐོ་རིམ་སློབ་གྲྭའི་སློབ་མ་ཚོ་སློབ་གྲྭའི་ཕྱིར་དོན་མི་ཆོག་པ་བཟོས་ཡོད་ཀྱང།  སློབ་ཕྲུག་དེ་དག་གིས་སློབ་གྲྭའི་ཉལ་ཁང་གི་སྒོ་དང་སྒེའུ་གང་ས་ནས་རྒྱ་སྐད་ནང་ཡོད་པའི་སློབ་དེབ་ཕྱིར་དབྱུགས་པ་སོགས་བྱས་ཡོད་པ་སོག་ཡུལ་ལྷོ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལྟེ་གནས་ཁང་གིས་བརྗོད་འདུག།

ནང་སོག་གི་ནང་འདས་པའི་ལོ་དྲུག་བཅུ་ལྷག་རིང་རྒྱ་རིགས་ཁྱོན་ཆེ་གནས་སྤོ་བྱས་ཏེ་སོག་པོའི་མི་གྲངས་ནང་སོག་གི་མི་འབོར་ཁྱོན་ཡོངས་ཀྱི་གྲངས་ཀ་བརྒྱ་ཆ་ཉི་ཤུ་ཙམ་ལས་ཟིན་གྱི་མེད་ལ། རྒྱ་སྐད་གཙོ་བོ་བེད་སྤྱོད་བྱས་པ་ལས་སོག་སྐད་ཤེས་མཁན་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎