ལྷོ་རྒྱ་ནག་མཚོའི་ཐོག་གི་གཏམ་བཤད་ལ་རྒྱ་ནག་གི་སྐྱོན་བརྗོད།
2010.07.25
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁི་ལེནྚོན་གྱིས་ལྷོ་ཕྱོགས་རྒྱ་ནག་མཚོ་གླིང་གི་བདག་དབང་ཐུབ་ཚོད་དང་འཇིགས་སྐུལ་མེད་པའི་ཐོག་ནས་སེལ་དགོས་ལུགས་གཏམ་བཤད་གནང་བ་དེར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
བདུན་གཅིག་གོང་ལྦིཏ་ནམ་ནང་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེས་ རྒྱ་ནག་ལྷོ་ཕྱོགས་གི་མཚོ་གླིང་ སེཔརྚེལི་ དང་ པ་ར་སེལ་སེ་ ཀྱི་གནས་སྟངས་སྐོར་བློ་འཚབ་བྱེད་བཞིན་པ་དེར་དྲག་རྒོལ་ལ་ངོས་འཛིན་བྱས་ཡོད་ལུགས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཡང་ཇེ་ཆེ་དབྱང་ཅི་ཁྲི་ཡིས་སྐྱོན་བརྗོད་བྱས་ཡོད་ལུགས་པེ་ཅིང་ནས་ཨེ་པི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག། ཁི་ལེནྚོན་གྱིས་མཚོ་གླིང་དེ་གཉིས་སུ་ལའང་བདག་དབང་ཡོད་པ་ཁས་ལེན་བྱེད་ཅེས་གསུངས་ཡོད་རེད།
འོན་ཀྱང་རྒྱ་ནག་གིས་མཚོ་གླིང་དེ་གཉིས་ཀྱི་་བདག་དབང་རྒྱ་ནག་ལ་ཡོད་པ་ཀྱང་བདག་དབང་སྐོར་རྩོད་གླེང་བྱེད་མཁན་རྒྱ་ཁབ་དེ་དག་དང་ཐད་ཀར་དཀའ་ རྙོག་སེལ་ཐབས་བྱེད་དགོས་པ་ལས་རྒྱལ་སྤྱིའི་འཐེ་བྱུས་དགོས་ཀྱི་མེད་ལུགས་བཤད་ཡོད་འདུག། ཉ་རིགས་དང་རང་བྱུང་རྡོ་སྣུམ་གྱི་ཕྱུག་པའི་མཚོ་གླིང་དེ་གཉིས་ཀྱི་ཆ་ཤས་བདག་དབང་ལ་རྩོད་མཁན་ རྒྱ་ནག་དང་ ལྦིཏ་ནམ། ཐའེ་ལྦན། མ་ལེ་ཤི་ཡ། བྭུརུ་ཎེ་ ཕི་ལི་པིན་བཅས་ཡིན་པ་རེད། ཕྱི་ལོ་༡༩༧༤ལོར་རྒྱ་ནག་གི་ནུབ་ངོས་པ་ར་སེལ་སེ་བཙན་བཟུང་གིས་ཕྱི་ལོ་༡༩༨༨ལོར་ལྦིཏ་ནམ་གྱི་མཚོ་གྲུ་གསུམ་ལ་དྲག་རྒོལ་གྱིས་ཆུ་ནང་བསྐྱུར་བཅུག་པ་རེད། ཨ་རིའི་མཚོག་དམག་གིས་དུས་དུས་སུ་མཚོ་གླིང་དེ་གཉིས་ནང་ཞིབ་འཇུག་བྱེད་བཞིན་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད༎