ཀ་ཤི་མིར་གྱི་རྩོད་རྙོག་སེལ་ཐབས་སྐོར།

ཀ་ཤི་མིར་རྩོད་རྙོག་འདི་རྒྱ་གར་དང་པ་ཀིསི་ཐན་ཕན་ཚུན་གྲོས་མོལ་དང་བསམ་ཚུལ་བརྗེ་ལེན་གྱི་བྱ་རིམ་ཐོག་ནས་སེལ་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་པ།

2009.11.24

༄༅༎ཉིན་ཤས་སྔོན་རྒྱ་གར་གྱི་མངའ་འོག་ཡོད་པའི་ཀ་ཤི་མིར་ནང་གི་ཁ་བྲལ་བའི་ཚོགས་པ་ཞིག་གིས་རྒྱ་ནག་ལ་ཀ་ཤི་མིར་གྱི་བདག་དབང་གི་རྩོད་གཞི་ཐག་གཅོད་ཡོང་རྒྱུར་ལས་འགན་ཞིག་ཡོད་ཚུལ་བརྗོད་ཡོད་ན་ཡང་ དེ་རིང་རྒྱ་ནག་གཞུང་གིས་ཀ་ཤི་མིར་གྱི་རྩོད་རྙོག་དེ་རྒྱ་གར་དང་པ་ཀིསི་ཐན་གཉིས་ནས་སེལ་དགོས་པ་ཞིག་ཡིན་ལུགས་བརྗོད་འདུག།

ཀ་ཤི་མིར་ནང་གི་ཁ་བྲལ་བའི་ཚོགས་སྡེ་ཨོལ་པར་ཊིསི་ཧ་རི་ཡཏ་ཀོན་ཕེ་རེན་སི་ཟེར་བ་དེའི་ཚོགས་གཙོ་མཱིར་ལྦ་ཨིཛ་ཨུ་མར་ཕྷ་རུཁ་གྱིས་གཟའ་འཁོར་སྔོན་མར་རྒྱ་ནག་ལ་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་སྤྱི་དང་ལྷག་པར་དུ་ཀ་ཤི་མིར་གྱི་ཁུལ་ཞི་བདེ་འབྱུང་ཐབས་ཐད་ཐེ་བྱུས་བྱ་རྒྱུར་ལས་འགན་ཡོད་པ་ཞིག་ཡིན་ལུགས་དང་ དམིགས་བསལ་རྩོད་གཞི་ཅན་གྱི་ས་ཁུལ་འདིའི་ཆ་ཤས་ཤིག་རྒྱ་ནག་གི་དབང་འོག་ཡོད་པ་དེ་ཡང་རྒྱུ་མཚན་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ཕྷ་རུཀ་རང་ཉིད་རྒྱ་ནག་ཏུ་འགྲོ་རྒྱུའི་འཆར་གཞི་ཡོད་པ་རེད།

པེ་ཅིང་དུ་གསར་འགོད་པ་ཚོས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་འདིའི་སྐོར་སྐད་ཆ་དྲིས་སྐབས་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅིང་གྷང་གིས་ང་ཚོས་ཀ་ཤི་མིར་གྱི་གནད་དོན་འདི་ནི་རྒྱ་གར་དང་པ་ཀིསི་ཐན་དབར་ལོ་རྒྱུས་ཀྱི་ཐོག་ནས་ནས་ལྷག་པའི་རྩོད་རྙོག་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་རྩོད་རྙོག་འདི་རྒྱ་གར་དང་པ་ཀིསི་ཐན་ཕན་ཚུན་གྲོས་མོལ་དང་བསམ་ཚུལ་བརྗེ་ལེན་གྱི་བྱ་རིམ་ཐོག་ནས་སེལ་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎