ཕེ་རན་སིས་རྒྱ་ནག་བར་གྱི་འབྲེལ་ལམ་ལ་གནོད་འཚེ་བཏང་ལུགས།

ཕེ་རན་སིའི་ཕྱོགས་ནས་རྒྱ་ནག་མཉམ་འབྲེལ་བ་སླར་གསོ་བྱེད་དགོས་ཀྱི་རེད་ཅེས་རྒྱ་ནག་གཞུང་གིས་དགོས་འདུན་བཏོན་ཡོད་པ་རེད།

2008.12.09

༄༅༎ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་ནས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་འབྲེལ་བར་གནོད་འཚེ་བཏང་བ་དེར་ཕེ་རན་སིའི་ཕྱོགས་ནས་རྒྱ་ནག་མཉམ་འབྲེལ་བ་སླར་གསོ་བྱེད་དགོས་ཀྱི་རེད་ཅེས་རྒྱ་ནག་གཞུང་གིས་དགོས་འདུན་བཏོན་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་ཕྱོགས་ནས་ཇི་ལྟར་སྐྱོན་བརྗོད་དང་ཐེངས་མང་འབོད་སྐུལ་བྱེད་པར་མི་ལྟོས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོའོ་ལེནདྲ་ནང་ཆིབས་བསྒྱུར་བཀྲིན་བསྐྱང་བཞིན་པའི་སྐབས་དེར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། གནད་དོན་དེའི་ཐོག་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་བྱུང་ནས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་ཡིས་རྒྱ་ནག་དང་ཕེ་རན་སི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་གནད་དོན་ཐོག་གནོད་འཚེ་བཏང་ཡོད་པ་རེད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་དེ་རིང་པེ་ཅིང་དུ་སྐོངས་འཚོགས་བྱས་པའི་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སར་གསར་འགོད་པར་དེ་ལྟར་བརྗོད་ཡོད་པ་རེད། དེ་ཡང་ལིའུ་ཡིས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་ཡིས་ཆབ་སྲིད་ཀྱི་རྣམ་པ་གཞི་རྩར་བཟུང་ནས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་འབྲེལ་ལམ་ཐོག་གཏོར་བཤིག་གི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་ད་རེས་ཀྱི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་གནད་དོན་ཐོག་གནོད་འཚེ་བྱུང་བ་དེ་རྒྱ་ནག་གི་ཐོག་འགན་འཁུར་མེད་པར་དེ་ནི་ཕེ་རན་སིའི་ཕྱོགས་ནས་འགན་འཁུར་དགོས་ཀྱི་ཡོད་པ་རེད་ཅེས་དང་ཕེ་རན་སིའི་ཕྱོགས་ནས་ཡུལ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་བཏང་བ་མཁྱེན་རྟོགས་གནང་སྟེ་རྒྱ་ནག་དང་ཕེ་རན་སི་དབར་གྱི་འབྲེལ་བ་བསྐྱར་གསོ་གནང་བའི་རེ་བ་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་ཡིས་རྒྱ་ནག་ཏུ་སྐོངས་འཚོགས་བྱས་པའི་འཆར་ཆན་རེས་གཟའ་མིག་དམར་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པར་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎