རྒྱ་ནག་པེ་ཅིན་དུ་བོད་སྐོར་གསར་འགོད་ལྷན་ཚོཌ

ཏྰ་ལའི་བླ་མ་བོད་དུ་ཕྱིར་ལོག་གནང་རྒྱུར་སྒོ་མོ་ཕྱེས་ཡོད་ཅེས་བཤད་ཀྱང་ཁོང་ནི་བོད་ཁ་བྲལ་རིང་ལུགས་པ་རེད་ཅེས་བསྐྱར་དུ་སྐྱོན་བརྗོད་བྱས་པ།

2011.05.19

༄༅༎བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་པད་མ་འཕྲིན་ལས་ཀྱིས། རེས་གཟའ་ཕུར་བུའི་ཉིན་གསར་འགོད་པར། ་ཡུལ་གྱར་དུ་ཡོད་པའི་ཏྰ་ལའི་བླ་མ་བོད་དུ་ཕྱིར་ལོག་གནང་རྒྱུར་སྒོ་མོ་ཕྱེས་ཡོད་ཅེས་བཤད་ཅིང༌། འོན་ཀྱང་༧གོང་ས་མཆོག་ནི་བོད་ཁ་བྲལ་རིང་ལུགས་པ་རེད་ཅེས་བསྐྱར་དུ་སྐྱོན་བརྗོད་ཞུས་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་ཆབ་སྲིད་ཀྱི་སྐུ་དབང་ནས་ཆ་ཚང་བཤོལ་བ་གནང་་རྒྱུའི་ཐག་གཅོད་གནང་བའི་རྗེས། རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ནས་༧གོང་ས་མཆོག་གི་སྐོར་ལ་སྐད་ཆ་བཤད་པ་ཐེངས་དང་པོ་དང༌། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་ལགས་ཀྱིས།  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ལོག་གནང་རྒྱུར་དགའ་བསུ་ཡོད་པ་དང༌། འོན་ཀྱང་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད། དེ་ཡང་ཁོང་གིས། གལ་ཏེ་ཏྰ་ལའི་བླ་མ་བོད་དུ་ཕྱིར་ལོག་གནང་འདོད་ཡོད་ཚེ། རྒྱ་ནག་གི་ཕྱོགས་ནས་དུས་རྟག་ཏུ་སྒོ་ཕྱེས་ནས་ཡོད་ཅེས་དང༌། ཡང་གལ་ཏེ་ཁོང་གི་གསུང་པ་བཞིན་དངོས་གནས་ཀྱིས་བགྲེས་ཡོལ་དུ་ཕེབས་པ་ཡིན་ཚེ། ངེས་པར་དུ་བོད་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ཏེ། བོད་ཀྱི་བརྟན་ལྷིངསྲུང་སྐྱོབ་བྱ་རྒྱུ་དང༌། ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ཕྱག་ལས་མ་གནང་བ་ཡིན་ན། དེ་ནི་བོད་ལ་ཕན་ཐོགས་སྐྲུན་རྒྱུ་ཡིན་ཞིང༌། གནད་འགག་ཆེ་ཤོས་ནི་བོད་རང་བཙན་བློས་གཏོང་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་དེའི་སྔོན་ལའང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་གནང་རྒྱུར་དགའ་བསུ་ཡོད་ལུགས་གཅིག་མཚུངས་བཤད་མྱོང་ཡོད་ཀྱང༌། བོད་ཀྱི་གནད་དོན་ཐོག་དོ་སྣང་གནང་མཁན་ཚོས། རྒྱ་ནག་གཞུང་གི་སྐད་ཆ་དེ་ནི་ཁ་ཙམ་ལས་དོན་ངོ་མ་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་ན་བོད་ནང་དུ་ཆབ་སྲིད་ཀྱི་བརྟན་ལྷིང་མེད་པ་ཆགས་རྒྱུའི་འཇིགས་སྣང་གིས་བོད་དུ་ཆིབས་བསྒྱུར་གནང་དུ་འཇུག་རྒྱུ་མིན་པ་ངོས་འཛིན་བྱེད་པ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་རྫོགས་ན་བོད་ཀྱི་གནད་དོན་རང་བཞིན་གྱི་ཡལ་འགྲོ་རྒྱུ་དང། བཙན་བྱོལ་བོད་གཞུང་ཡང་ཐོར་བཤིགས་སུ་་འགྲོ་རྒྱུ་ཡིན་པའི་ཚོད་རྩིས་རྒྱབ་ནས་རེ་སྒུག་བྱེད་བཞིན་ཡོད་པ་ངོས་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎