སི་རི་ཡའི་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བཟོ་ཐུབ་ཡོད་ལུགས།
2012.01.18
༄༅༎རྒྱ་ནག་གཞུང་གིས་དེ་རིང་གཟའ་ལྷག་པའི་ཉིན་ཨ་རབ་མནའ་མཐུན་གྱིས་སི་རི་ཡའི་ནང་ལྟ་ཞིབ་ལས་དོན་སྤེལ་བ་ནས་བཟུང་ཡུལ་དེའི་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བཟོ་ཐུབ་ཡོད་ལུགས་བརྗོད་འདུག
རྒྱ་ནག་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུའི་གྲས་ཡིན་པའི་ཆ་ནས་ ལས་འཛིན་ལྷན་ཚོགས་ཀྱིས་ སི་རི་ཡའི་ནང་ གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་པ་ཚོར་གདུང་འདེགས་གཏོང་གི་ཡོད་པའི་གནས་སྟངས་ཐོག་ཉེས་པ་སྐྱེལ་རྒྱུའི་གྲོས་ཆོད་འཇོག་རྒྱུའི་ཐོག གཙོ་བ་སི་རི་ཡའི་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་རྒྱུའི་ཐོག་འབད་རྩོན་གནང་དགོས་ལུགས་དང་ དེ་བཞིན་སི་རི་ཡའི་གནད་དོན་ཐག་གཅོད་ཡོང་རྒྱུར་ཆབ་སྲིད་ཀྱི་གྲོས་མོལ་ལམ་བུའི་ཐོག་བསྐྱོད་དགོས་པ་མ་ཟད་ དཀྱིལ་ཤར་ཡུལ་གྲུའི་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་གཙོ་བོ་དམིགས་ནས་ལས་དོན་སྤེལ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ལུགས་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ རྒྱ་ནག་གཞུང་གིས་སི་རི་ཡའི་གནད་དོན་ཐོག་གཅོད་ཡོང་རྒྱུའི་ཐད་ཀྱི་ལྟ་ཚུལ་བརྗོད་ཡོད་པ་རེད་ དེ་མིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ སི་རི་ཡའི་ནང་གི་ཆབ་སྲིད་ཚོགས་པ་ཁག་གིས་ཕན་ཚུན་མཉམ་ལས་བྱས་ཏེ་ ཡུལ་དེའི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བྱེད་དགོས་ལུགས་དང་ ལྷག་པར་དུ་ ཨ་རབ་མནའ་མཐུན་གྱི་རྟོགས་ཞིབ་པ་སི་ར་ཡའི་ནང་ལས་དོན་རྟོགས་ཞིབ་ཏུ་ཕེབས་པའི་རྗེས་ ཡུལ་དེའི་ནང་ཁྱོན་ཡོངས་ནས་མེ་འཕེན་འཚམས་འཇོག་བྱུང་མེད་པ་དང་ ས་ཁུང་མང་ཆེ་བའི་ནང་ བདེ་འཇགས་གནང་སྟངས་ཡར་རྒྱས་ཕྱིན་ཡོད་པའི་ཐོག་ནས་རྟོགས་ཞིབ་ཚོགས་པ་མུ་མཐུད་ནས་སི་རི་ཡའི་ནང་ལས་དོན་སྤེལ་རྒྱུ་དེ་དགོས་ངེས་ཡིན་ལུགས་ཀྱི་འདོད་ཚུལ་བཏོན་ཡོད་འདུག