རྒྱ་ནག་གིས་འཛམ་གླིང་ཡུལ་གྲུའི་ནང་ཆུ་མཛོད་གསར་རྒྱག་སྐོར།

ཡུལ་གྲུ་ཁག་གི་མང་ཚོགས་ཀྱི་འདོད་པ་མེད་བཞིན་དུ་ཆུ་མཛོད་གསར་རྒྱག་གི་ལས་དོན་གཉེར་བཞིན་ཡོད་པ་དེ་ཚོ་འགན་སྲུང་ཐུབ་པ་དགོས།

2011.04.20

༄༅༎རྒྱ་ནག་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་ས་གནས་མང་ཚོགས་ཀྱི་འདོད་པ་མེད་བཞིན་དུ་ཆུ་མཛོད་གསར་རྒྱག་གི་ལས་དོན་གཉེར་བཞིན་ཡོད་པ་དེ་ཚོ་གསང་བ་མ་ཡིན་པར་ཕྱི་གསལ་ནང་གསལ་དང་འགན་སྲུང་ཐུབ་པ་དགོས་སྐོར་རྒྱ་ནག་གི་ལས་འཆར་དེའེི་རིགས་ལ་སྐྱོན་བརྗོད་གནང་མཁན་ཚོས་དེ་རིང་གསུང་བཞག།

རྒྱ་ནག་གི་ཁེ་གཉེར་ལས་ཁང་དང་དངུལ་ཁང་ཁག་གིས་ གླིང་ཆེན་ཨཕ་རི་ཀ་དང་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ནང་རྩོད་རྙོག་ཅན་གྱི་ཆུ་མཛོད་གསར་རྒྱག་གི་ལས་དོན་བྱེད་བཞིན་ཡོད་པ་དེ་ཚོ་ཕྱི་གསལ་ནང་གསལ་དང་འགན་སྲུང་ཐུབ་པ་དགོས་རྒྱུའི་བསམ་འཆར་ཕྱོགས་ག་ས་ག་ནས་ཡོང་བཞིན་ཡོད་ནའང༌། རྒྱ་ནག་གིས་གནད་དོན་དེ་ཚོའི་ཐད་ཟབ་ནན་བྱེད་ཀྱི་མེད་སྐོར་ལས་གཞི་དེའི་རིགས་ལ་སྐྱོན་བརྗོད་གནང་མཁན་ཚོས་གསུང་བཞིན་ཡོད་པ་རེད། ཨ་རིའི་ ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་རྟེན་གཞི་བྱ་སཔའི་ རྒྱལ་སྤྱིའི་གཙང་ཆུ་ཚོགས་པའི་སྲིད་བྱུས་ངེས་སྟོན་པ་པི་ཊར་སྦོས་ཧདྲ་ཡིས་རྒྱ་ནག་གི་ཕྱི་རྒྱལ་གསར་འགོད་པའི་ཚོགས་ཆུང་ལ་། རྒྱ་ནག་གི་ཁེ་གཉེར་ལས་ཁང་མང་པོ་ཞིག་གིས་གཞན་ལ་མི་ལྟོས་པར་རང་སྣང་གང་དྲན་བྱེད་ཀྱི་ཡོད་པར་ང་ཚོ་འཇིགས་སྣང་སྐྱེད་ཀྱི་འདུག་ཅེས་གསུངས་ཏེ། རྒྱ་ནག་གི་ཁེ་གཉེར་ལས་ཁང་དེ་ཚོས་ལས་དོན་འགོ་འཛུགས་མ་བྱས་གོང་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པའི་སྒོ་ནས་ཆུ་མཛོད་གསར་རྒྱག་བྱ་ཡུལ་གྱི་ས་གནས་མི་མང་དང་གོ་བསྡུར་ངེས་པར་དུ་བྱེད་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བཞག།

རྒྱ་ནག་གཞུང་གིས་བཤད་ཚུལ་ལ་ཕྱིའི་ཡུལ་གྲུའི་ནང་ལས་དོན་གཉེར་མཁན་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་དང་ཡུལ་དེའི་མི་མང་དང་ཁོར་ཡུག་ལ་གུས་བརྩི་བྱ་དགོས་སྐོར་བརྗོད་ཀྱི་ཡོད་ནའང༌། དོན་དངོས་དེ་ལྟར་ཡོང་གི་མེད་ལུགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎