ནུབ་ཕྱོགས་རྒྱལ་ཁབ་མང་པོས་སི་རི་ཡའི་གཞུང་ཚབ་ཕྱིར་བུད།

རྒྱ་ནག་གཞུང་གིས་སི་ར་ཡའི་ནང་རྒྱལ་སྤྱིའི་དམག་དཔུང་གིས་སྟངས་འཛིན་བྱ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་རེད་

2012.05.30

༄༅༎སི་རི་ཡའི་གྲོང་སྡེ་ཧོའོ་ལ་ཞེས་པའི་ནང་རེས་གཟའ་པ་སངས་ཉིན་མི་གྲངས་བརྒྱ་ལྷག་དམར་གསོད་ཀྱི་དོན་རྐྱེན་བྱུང་ནས་ནུབ་ཕྱོགས་ཡུལ་གྲུ་མང་པོས་རང་སོ་སོའི་ཡུལ་གྲུའི་ནང་ཡོད་པའི་སི་ར་ཡའི་གཞུང་ཚབ་ཕྱིར་བུད་བྱས་པའི་ཐོག་ནས་ངོ་རྒོལ་རྣམ་འགྱུར་བཏོན་པ་མ་ཟད་  སི་རི་ཡའི་ནང་རྒྱལ་སྤྱིའི་དམག་དཔུང་གིས་སྟངས་འཛིན་བྱ་རྒྱུའི་གྲོས་གཞིར་བཏོན་ཡོད་ཅིང་ཡིན་ནའི་རྒྱ་ནག་གཞུང་གིས་སི་ར་ཡའི་ནང་རྒྱལ་སྤྱིའི་དམག་དཔུང་གིས་སྟངས་འཛིན་བྱ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་རེད་

དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་པའི་སྐབས་བརྗོད་ན་   རྒྱ་ནག་གཞུང་གིས་སི་རི་ཡའི་ནང་དམག་དོན་གྱི་ཐེ་བྱུས་བྱ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་མ་ཟད་ དྲག་ཤུགས་ཀྱི་རྣམ་པ་གང་དྲ་ཞིག་གི་ཐོག་ནས་སི་ར་ཡའི་གནད་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུར་ཡང་ངོ་རྒོལ་གྱི་རྣམ་འགྱུར་འཛིན་གྱི་ཡོད་ ད་ལྟའི་གནས་སྟངས་ཐོག་ནས་སི་རི་ཡའི་གནད་དོན་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྐུ་ཚབ་ ཁོའོ་ཧྥེ་ཨ་ནན་མཆོག་གི་གྲོས་འཆར་བཞིན་སི་རི་ཡི་གནད་དོན་ཞི་བའི་ཐོག་ནས་སེལ་ཐབས་བྱ་རྒྱུ་དེ་གལ་འགངས་ཆེ་ཤོས་ཤིག་ཡིན་ལུགས་བརྗོད་ཡོད་འདུག དེ་མིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་ ནུབ་ཕྱོགས་ཡུལ་གྲུ་མང་པོ་ཞིག་གིས་སི་རི་ཡའི་ཧོའོ་ལ་གྲོང་སྡེའི་ནང་ མི་སེར་མང་པོ་དམར་བསད་བཏང་བའི་གྱོད་དོན་དང་ སི་རི་ཡའི་གཞུང་དབར་ཐད་ཀར་འབྲེལ་བ་ཡོད་པར་ངོས་འཛིན་གནང་སྟེ་ རང་རང་སོ་་སོའི་ཡུལ་གྲུའི་ནང་ཡོད་པའི་སི་རི་ཡའི་གཞུང་ཚབ་ཕྱིར་འབུད་བྱས་པ་ལྟར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་སི་རི་ཡའི་གཞུང་ཚབ་ཕྱིར་འབུད་བྱེད་མིན་སྐད་ཆ་དྲིས་པར་ མགྲིན་ཚབ་པ་ལིའུ་དབོད་མིང་གིས་རྒྱ་ནག་ནང་ཡོད་པའི་སི་རི་ཡའི་གཞུང་ཚབ་ཀྱི་ལས་དོན་ལ་འགྱུར་ལྡོག་ཡོད་པའི་གནས་ཚུལ་གང་ཡང་གོ་ཐོས་མ་བྱུང་ཞེས་ལན་འདེབས་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎