ཨ་རིའི་སྐྱོན་བརྗོད་ལ་རྒྱ་ནག་གིས་ངོས་ལེན་མ་བྱས་པ།

ཨ་རིས་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚོའི་ཐོག་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དེར་རྒྱ་ནག་གིས་དགག་ལན།

2011.04.19

༄༅༎ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚོའི་ཐོག་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་པར་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་དགག་ལན་ཤུགས་ཆེ་ཞིག་བྱས་འདུག།

གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་ནས་ཀིརྟི་དགོན་པའི་དགེ་འདུན་པ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་དྲག་ཤུགས་ཀྱི་ཐོག་ནས་མེད་པ་བཟོ་ཐབས་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཞིང་ འོན་ཀྱང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་ ང་ཚོས་ཨ་མི་རི་ཀའི་གཞུང་ལ་དངོས་ཡོད་གནས་ཚུལ་ལ་བརྩི་བཀུར་དགོས་པ་དང་འགན་མེད་པའི་གཏམ་བཤད་བྱ་རྒྱུ་མེད་པའི་རེ་འདུན་བྱེད་རྒྱུ་ཡིན་ཞེས་བརྗོད་པར་མ་ཟད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་ང་ཚོས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ ཀིརྟི་དགོན་པའི་དགེ་འདུན་པ་ཚོ་ནི་རྒྱུན་ལྡན་གྱི་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་བཞིན་འདུག་ལ་ སྤྱི་ཚོགས་ཀྱི་གནས་སྟངས་ཀྱང་བརྟན་ལྷིངས་ངང་གནས་འདུག་ཅེས་བརྗོད་འདུག།

ས་གནས་དང་འབྲེལ་བ་ཡོད་པའི་བོད་པ་དང་དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཀིརྟི་དགོན་པར་རྒྱ་ནག་གི་དམག་དཔུང་བཏང་སྟེ་དགོན་པ་ཡོངས་སུ་མཐའ་བསྐོར་ཡོད་པར་མ་ཟད་ དེང་སྐབས་རྒྱ་མིའི་ལས་བྱེད་པ་༨༠༠སྐོར་དགོན་པར་ཡོང་སྟེ་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་མུས་ཡིན་པ་བརྗོད་བཞིན་ཡོད་པ་རེད།

ཕེརནསི་གསར་ལས་ཁང་གིས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ཁ་པར་བཏང་སྐབས་དགེ་འདུན་པ་ཚོ་དགོན་པའི་ཕྱི་རོལ་དུ་འགྲོ་ཆོག་གི་མེད་པ་བརྗོད་པར་མ་ཟད་ ཁ་པར་གཏོང་འོང་གི་ཐད་ཉུལ་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག་ལ་ དེ་བཞིན་དགེ་འདུན་པ་དེས་གནས་ཚུལ་ངོ་མ་ཤེས་རྟོགས་ཡོང་སླད་གསར་འགོད་པ་དེ་ས་གནས་སུ་འགྲོ་དགོས་པའི་སློབ་སྟོན་ཡང་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎