རྒྱ་ནག་གི་འབྲེལ་ལམ་དང་ཁྱབ་བསྒྲགས་འཐུས་སྒོ་ཚང་མེད་ལུགས།

རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཟུར་པ་ཞིག་གིས་རྒྱ་ནག་གིས་འབྲེལ་ལམ་དང་ཁྱབ་བསྒྲགས་འཐུས་སྒོ་ཚང་བ་བྱུང་མེད་པའི་སྐྱོན་བརྗོད་བྱས་འདུག

2008.10.17

༄༅༎རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཟུར་པ་ཞིག་གིས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པས་འབྲེལ་ལམ་དང་ཁྱབ་བསྒྲགས་འཐུས་སྒོ་ཚང་བ་བྱུང་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད་།

དེ་ཡང་ཕེ་རན་སིའི་ནང་རྒྱ་ནག་གི་གཞུང་ཚབ་གནང་མྱོང་ཡོད་པ་ལྦུའུ་ཅན་མིང་གིས་བརྗོད་པར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་རྒྱ་ནག་ནང་གཞུང་ཕྱོགས་ཀྱི་སྟངས་འཛིན་མེད་པར་གསར་འགྱུར་འགོད་པར་བསྐྱོད་རྒྱུའི་སྲིད་ཇུས་དེ་བཞིན་པེ་ཅིང་ཨོ་ལིམ་པིག་རིང་འཛིན་པ་ཞིག་ཡིན་པ་དང་ཡིན་ནའང་ད་ལོ་བོད་ནང་དུས་ཟིང་བྱུང་བའི་སྐབས་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་དེའི་སྐོར་གནས་ཚུལ་སྤེལ་ནས་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་དེར་སྐྱོན་བརྗོད་བྱས་པའི་རྗེས་ཕྱི་རྒྱལ་གྱི་གསར་འགོད་པ་རྒྱ་ནག་ནང་རང་དབང་ཐོག་ནས་གསར་འགྱུར་འགོད་རྒྱུའི་སྲིད་ཇུས་ཟེར་བ་དེ་ནར་འགྱངས་བྱ་རྒྱུ་མིན་པ་དང་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཕྱི་ཚུལ་རྣམ་པ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཏུ་རྩིས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ན་ནིང་ནས་གོ་ཚུགས་ཏེ་རྒྱ་ནག་ནང་རང་དབང་ཐོག་ནས་གསར་འགྱུར་འགོད་རྒྱུའི་སྲིད་ཇུས་འཛིན་ནས་རྒྱ་ནག་གི་ཡར་རྒྱས་དང་རྒྱ་ནག་དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་དེ་མཚོན་རྒྱུར་ཨོ་ལིམ་པིག་རྩེད་འགྲན་གྱི་གཡས་གཡོན་དུ་དྲིལ་བསྒྲགས་དང་རྒྱ་ནག་གི་ཕྱི་ཚུལ་གྱི་རྣམ་པ་དེ་བཟང་པོ་ཞིག་ཡོང་རྒྱུའི་ཐབས་ལམ་བཏོན་པ་ཞིག་ཡིན་པ་དང་ཡིན་ནའང་རྒྱ་ནག་གི་ཕྱི་ཚུལ་རྣམ་པར་འགྱུར་ལྡོག་གང་ཡང་ཕྱིན་མེད་ཅིང་རྒྱ་ནག་གི་ཕྱི་ཚུལ་གྱི་རྣམ་པ་བཟང་པོ་ཞིག་ཡོང་རྒྱུར་དཀའ་ངལ་མུ་མཐུད་ནས་འཕྲད་ཀྱི་ཡོད་པ་དེ་ནི་གཙོ་བོ་ཞིག་རྒྱ་ནག་གི་དཔོན་རིགས་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་པ་དང་ཁོང་ཚོས་རང་ཉིད་ཀྱི་ཕྱི་ཚུལ་རྣམ་པ་དེ་བཟང་ཕྱོགས་སུ་གཏང་རྒྱུར་ཕྱི་ཕྱོགས་དང་འབྲེལ་ལམ་གང་འདྲ་བྱས་ནས་བྱེད་དགོས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎