བོད་མི་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་སླར་ཡང་བཀག་ཉར།

བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་འོད་སྡེར་བཟོ་མཁན་གྱི་བོད་རིགས་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ལགས་སླར་ཡང་བཀག་ཉར།

2011.02.04

༄༅༎བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་འོད་སྡེར་བཟོ་མཁན་གྱི་བོད་རིགས་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ལགས་སླར་ཡང་རྒྱ་ནག་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག 

དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཕྱི་ཚེས་༤ཉིན་གསལ་བསྒྲགས་སྤེལ་ཡོད་པའི་ནང་ རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ལགས་ནི་བོད་མདོ་སྨད་ཀན་ལྷོ་ཁུལ་གསང་ཆུ་རྫོང་ནས་ཡིན་པ་དང་   ཁོང་གིས་བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་འོད་སྡེར་ཞིག་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བརྒྱད་པའི་ནང་འགྲེམས་སྤེལ་གྱིས་ འོད་སྡེར་དེ་རིགས་ཉེ་འགྲམ་ས་ཁུལ་ཁག་ནང་ཉིས་སྟོང་ལྷག་ཙམ་འགྲེམས་སྤེལ་གནང་ཡོད་ཅིང་ འོད་སྡེར་དེའི་ནང་གཙོ་བོ་ཁོང་གིས་བོད་ནང་ཆོས་དང་རིག་གཞུང་རང་མི་རིགས་ཚོས་མི་ཉམས་གོང་འཕེལ་བྱ་རྒྱུའི་རང་དབང་མེད་པའི་སྐོར་སོགས་འཁོད་ཡོད་པའི་སྐོར་གསུང་ཡོད་པ་དང་དེ་བཞིན་ཁོང་གིས་མི་ཡུལ་ལ་ཕུལ་བའི་སེམས་པ་ཞེས་པའི་དེབ་ཅིག་ཀྱང་རྩོམ་སྒྲིག་གནང་ཡོད་པ་སོགས་ཀྱིས་རྐྱེན་པས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བདུན་པའི་ནང་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་ ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་ཉེན་རྟོག་པས་ཁོང་གང་བྱུང་དུ་སྐྱོད་མི་ཆོག་པ་དང་ ཁ་པར་ཨང་གྲངས་རྗེ་པོ་རྒྱབ་མི་ཆོག་པ་སོགས་ཀྱི་ཡིག་ཆའི་ཐོག་ས་རྟགས་བཀོད་བཅུག་ཏེ་ཁོང་གློད་བཀྲོལ་བཏང་ཡོད་ཅིང་  ཡིན་ནའི་ད་རེས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༦ཉིན་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ལགས་ཡོངས་གྲགས་སྙུག་མིང་དུ་སྟག་སྨིག་ཅེས་ཞུ་བ་ཁོང་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུང་གིས་ཉེན་རྟོག་ལས་ཁང་དེར་དྲི་ཞིབ་བྱེད་པར་བཀའ་བཀུགས་བྱས་པའི་རྗེས་ གཙོད་གྲོང་ཁྱེར་ལྟ་སྲུང་ཁང་དུ་བཀག་ཉར་བྱ་མུས་ཡིན་པ་དང་ད་ལྟའི་ཆར་ད་རེས་ཁོང་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎