ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོཌ་ཀྱི་སྐུ་ཚབ་བཞུཌ་སྒར་དུ་ཕེབས་འཆར།
2009.06.15
༄༅༎ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་འཆར་གཞི་ཐོག་རྒྱ་ནག་གིས་རྒྱལ་ཁབ་ཐོག་གནོན་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག
ཨོ་སོ་ཀྲོ་ལི་ཡའི་གུ་ཡངས་ཚོགས་པ་དང་ལྗང་ཁུ་ཚོགས་པ་དང་རང་དབང་ཚོགས་པ་སོགས་ཆབ་སྲིད་ཀྱི་ལྟ་བ་སྣ་ཚོགས་འཛིན་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་དེ་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུ་འཐུགས་གཏན་འཁེལ་གྲུབ་པ་དང་གནད་དོན་དེའི་ཐོག་རྒྱ་ནག་གིས་ཨོ་སོ་ཀྲོ་ལི་ཡའི་གཞུང་ལ་གཞུང་འབྲེལ་ཐོག་ནས་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་ཅིང་ཨོ་སོ་ཀྲོ་ལི་ཡའི་ཕྱི་སྲིད་ལས་ཁང་གིས་ངོས་ལེན་གནང་བའི་ནང་རྒྱ་ནག་གིས་གནད་དོན་དེའི་ཐོག་ཨོ་སོ་ཀྲོ་ལི་ཡའི་གཞུང་འབྲེལ་སྐུ་ཚབ་བཏང་ནས་འབྲེལ་བ་ཞུས་པ་མ་ཟད་ཨོ་སོ་ཀྲོ་ལི་ཡའི་སྐུ་ཚབ་ཚོགས་པའི་ནང་བོད་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པའི་ནང་ཡོད་པའི་སྐྱོན་འཛུག་དང་དགག་པ་རྒྱབ་འདུག ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་གནད་དོན་དེའི་ཐོག་ཁྲིམས་ལུགས་གཞིར་བཟུང་བྱས་པ་ཡིན་ན་གཞུང་གིས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཕྱི་བསྐྱོད་འཆར་གཞིའི་ཐོག་ཐེ་བྱུས་ཀྱི་དབང་ཚད་མེད་པའི་ལན་འདེབས་བྱས་པ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་འདུག།