རྒྱ་ནག་གིས་འབྲས་ལྗོངས་ས་མཚམས་བར་ལྕགས་ལམ་བཟོ་བསྐྲུན།

རྒྱ་ནག་གིས་རྒྱ་གར་གྱི་འབྲས་ལྗོངས་ས་མཚམས་བར་རི་ལིའི་ལམ་འཛུགས་རྒྱུ་ཡིན་པ་རྒྱ་གར་གྱི་གསར་ཤོག་ནང་གནས་ཚུལ་བཏོན་ཡོད་པ་རེད།

2011.02.14

༄༅༎རྒྱ་ནག་གིས་རྒྱ་གར་གྱི་འབྲས་ལྗོངས་ས་མཚམས་བར་རི་ལིའི་ལམ་འཛུགས་རྒྱུ་ཡིན་པ་རྒྱ་གར་གྱི་ཨིན་ཌིཡེན་ཨེསི་པེ་རེ་སི་ཞེས་པའི་གསར་ཤོག་དེས་གནས་ཚུལ་བཏོན་ཡོད་པ་རེད་ རྒྱ་གར་གྱི་གསར་ཤོག་དེས་གནས་ཚུལ་དེ་དངོས་འབྲེལ་ཡིན་སྐོར་རྒྱ་ནག་གི་རི་ལིའི་ལས་དོན་ལྷན་ཁང་གིས་ཟླ་བ་སྔོན་མ་དེར་རྒྱ་ནག་གི་རི་ལིའི་ལས་འཆར་གྱི་ས་བཀྲའི་ནང་དེ་ལྟར་བཏོན་ཡོད་སྐོར་གསུང་འདུག ད་བར་ཕྱི་ཁག་ནས་རྒྱ་ནག་གཞུང་གི་རི་ལིའི་ལས་འཆར་དེ་དག་ཡོད་ཚོད་ཀྱི་ཚོད་དཔག་གནང་ཡང་དཆ་གནས་ཚུལ་དེ་དངོས་འབྲེལ་ཆགས་ཀྱི་ཡོད་པ་མ་ཟད་རི་ལིའི་ལས་འཆར་དེའི་ཁོངས་རི་ལིའི་ལམ་གཞན་ཞིག་བལ་ཡུལ་གྱི་ས་མཚམས་བར་འཁྲིད་རྒྱུའི་འཆར་གཞི་ཡང་ཡོད་པ་རེད་ གོང་ཞུས་བལ་ཡུལ་གྱི་ས་མཚམས་བར་འཁྲིད་རྒྱུའི་རི་ལི་ལམ་དེ་གཞིས་ཀ་རྩེ་ནས་ལམ་གཞན་ཞིག་ཐོག་བོད་ཀྱི་གྲོ་མོ་གྲོང་ཁྱེར་བར་འཁྲིད་རྒྱུའི་འཆར་གཞི་སྒྲིག་ཡོད་པ་རེད་བོད་ཀྱི་གྲོ་མོ་གྲོང་ཁྱེར་དེ་བཞིན་རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་རྣ་ཐོས་ལ་བརྒྱུད་འབྲས་ལྗོངས་དང་ས་འབྲེལ་འཁེལ་གྱི་ཡོད་པ་དང་ས་ཁུལ་དེ་རྒྱ་གར་དང་རྒྱ་ནག་འབྲུག་ཡུལ་བཅས་པའི་ཡུལ་ཁག་གསུམ་ས་འབྲེལ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད་ ས་ཁུལ་འདིའི་ས་མཚམས་ཐོག་རྒྱ་ནག་དང་འབྲུག་ཡུལ་བར་རྩོད་རྙོག་ཡོད་པ་མ་ཟད་ཕྱི་ལོ་༡༩༦༢ལོར་རྒྱ་གར་གྱི་རྣ་ཐོས་ལའི་མཚམས་འདི་སྲུང་སྐྱོབ་བྱེད་རྒྱུར་རྒྱ་ནག་དང་དམག་འཁྲུག་ཅིག་ཀྱང་བྱུང་ཡོད་པ་རེད་ གོང་ཞུས་རྒྱ་ནག་གིས་རྒྱ་གར་གྱི་རྣ་ཐོས་ལའི་ས་མཚམས་སུ་འཁྲིད་རྒྱུའི་རི་ལིའི་ལས་འཆར་དེ་དངོས་སུ་འགོ་འཛུགས་གནང་མེད་ཀྱང་ལག་བསྟར་འབྱུང་མིན་གྱི་ཚོད་བལྟའི་ལས་འཆར་དེ་འགོ་འཛུགས་ཟིན་ཡོད་པ་རེད་ རྒྱ་ནག་གི་རི་ལིའི་ལས་འཆར་དེ་དངོས་སུ་འགོ་འཛུགས་གནང་ན་ལས་འཆར་འདི་ཕྱི་ལོ་༢༠༡༧ལོར་མཇུག་བསྒྲིལ་ཟིན་པ་གནང་རྒྱུ་ཡིན་པ་རེད་ རྒྱ་ནག་གི་རི་ལིའི་ལས་འཆར་གཞན་ཞིག་རྒྱ་ནག་གི་ཡུ་ནན་གྱི་ཀུན་མིང་གྲོང་ཁྱེར་ནས་སིང་ག་པོར་བར་འཁྲིད་རྒྱུའི་ལས་འཆར་ཞིག་ཀྱང་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎