རྒྱ་ནག་ནང་རྒྱུགས་ཆུ་འགག་པ་གཏོར་ཆེད་འབར་རྫས་བེད་སྤྱོད་གཏང་རྒྱུ།

རྒྱ་ནག་ནང་ཉེ་ཆར་ས་ཡོམ་གྱི་རྐྱེན་གྱིས་རྒྱུགས་ཆུ་འགག་པ་ཞིག་གསང་རྒྱུའི་ཆེད་འབར་རྫས་བེད་སྤྱོད་གཏང་རྒྱུ་ཡིན་པ་རེད་

2008.05.26

༄༅༎རྒྱ་ནག་གི་དམག་མི་རྣམས་ཀྱིས་ཉེ་ཆར་གྱི་ས་ཡོམ་གྱི་རྐྱེན་གྱིས་རྒྱུགས་ཆུ་འགག་པ་ཞིག་གསང་རྒྱུའི་ཆེད་འབར་རྫས་བེད་སྤྱོད་གཏང་རྒྱུ་ཡིན་པ་རེད་

རེས་གཟའ་ཟླ་བ་ཉིན་རྒྱ་ནག་གི་དམག་མི་ ༡༨༠༠ ཞིག་ཉེ་ཆར་གྱི་ས་ཡོམ་ཕོག་ཡུལ་ སྦེ་ཅོན་རྫོང་གི་ཀྲང་ཅི་ཤང་ཞེས་པའི་ས་གནས་དེར་ཆགས་པའི་མཚོ་གསར་པ་དེ་གཏོང་ཆེད་འབར་རྫས་ཀི་ལོ་སྒ་རམ་ ༡༠ རེ་ཐོག་དེ་བསྐྱོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུང་ལས་ཁང་གིས་གནས་ཚུལ་བཀོད་བཏོན་གནང་ཡོད་པ་རེད་ ཀྲང་ཅི་ཤང་མཚོ་དེ་སྦེ་ཅོན་རྫོང་ནས་མེ་ལེ་ ༢ ཙམ་གྱི་རྒྱང་ཁད་དུ་ཡོད་པ་དང་ཉེ་ཆར་ས་གནས་དེར་ས་ཡོམ་བྱུང་རྗེས་གོད་ཆགས་ཕོག་མི་སྟོང་ཕྲག་མང་པོ་གནས་སྐབས་སྡོད་ཡུལ་བྱས་པ་རྣམས་ཉིན་ཤས་གོང་གནས་སྤོས་བྱས་ཡོད་པ་རེད་ གོང་ཞུས་མཚོ་དེ་གསང་རྒྱུར་ས་རྡོ་འོར་འདྲེན་གྱི་མཁྲུལ་ཆས་ཡང་ས་གནས་སུ་འོར་འདྲེན་བྱས་པ་གཞུང་འབྲེལ་གྱི་བརྙན་འཕྲིན་ནང་སྟོན་ཡོད་པ་རེད་ ཉེ་ཆར་ཟི་ཁྲོན་ཞིང་ཆེན་གྱི་ས་ཡོམ་དེས་གོང་ཞུས་མཚོ་དེ་མ་ཟད་མཚོ་གཞན་ཁག་ཅིག་ཀྱང་གསར་ཐོན་བྱུང་ཡོད་ཅིང་ སྦི་ཅོན་རྫོང་ནས་མེ་ལེ་ ༣༠ རྒྱང་ཁད་ ཨན་ཛན་རྫོང་གི་ཅ་པིང་ཞེས་པའི་རྒྱུགས་ཆུ་དེ་འགག་ནས་ ཤོན་དྲན་གྲོང་གསེབ་ཆུའི་ནང་ཐིམས་ཡོད་པ་རེད་ གྲོང་གསེབ་དེའི་ནང་གནས་སྡོད་གནང་མཁན་ཚོས་གྲོང་གསེབ་ནང་ཆགས་པའི་མཚོ་གསར་པ་དེ་ཉིན་རེར་མི་ཀྲར་ ༢ དང་ཕྱེད་ཀ་རེ་འགལ་གྱི་ཡོད་སྐོར་གསུང་འདུག གཞན་ཡང་ཟི་ཁྲོན་ཞིང་ཆེན་གྱི་ཆིན་ཅང་རྫོང་ཁུལ་གྱི་མི་མང་ ༦༠༠ སྐོར་ཞིག་ས་རུལ་གྱི་རྐྱེན་གྱིས་རང་འཚམས་གནས་སྤོས་བྱེད་དགོས་བྱུང་བའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎