བལ་ཡུལ་དུ་བོད་མིར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

རྒྱ་ནག་གིས་གནོན་ཤུགས་འོག་བལ་ཡུལ་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོའི་ཐོག་བལ་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

2009.07.28

༄༅༎རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོའི་ཐོག་བལ་ཡུལ་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད་ཅེས་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་གསལ་སྟོན་གནང་བཞག

དེ་ཡང་གོང་ཞུས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་སྟོན་གནང་བར་གཞིགས་ན་བལ་ཡུལ་གཞུང་གིས་དེ་སྔ་བོད་དང་བལ་ཡུལ་གཉིས་བར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འབྲེལ་བའི་གནད་དོན་ལ་རྩིས་མེད་བཏང་སྟེ་ད་ཆ་རྒྱ་ནག་གཞུང་གིས་བལ་ཡུལ་ནང་དཔལ་འབྱོར་རོགས་རམ་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག་བལ་ཡུལ་ནང་བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཁག་དྲག་རྩུབ་ཅན་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་པ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་པ་དང་ལྷག་པར་དུ་བོད་མི་ཚོས་ལས་འགུལ་གང་རུང་ཞིག་སྤེལ་རྒྱུའི་འཆར་གཞིའི་སྔོན་ཚུད་ནས་གསང་བའི་ཐོག་ནས་བོད་མི་འཛིན་བཟུང་བྱེད་པ་དང་བོད་མིའི་ཁང་པ་བསྔོགས་བཤེར་བྱེད་པ།ལག་འཁྱེར་ཞིབ་བཤེར་བྱེད་པ་སོགས་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོ་བརྟན་ལྷིང་མེད་པར་ཞེད་སྣང་ངང་གནས་དགོས་ཡོད་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་མེ་རི་སྦེཐ་ཡིས་རོའུ་ཀྲར་གསར་ལས་ཁང་དུ་དེ་རིང་གསལ་སྟོན་གནང་བཞག གནད་དོན་དེའི་ཐད་བལ་ཡུལ་གཞུང་ཕྱོགས་ཀྱིས་འཕྲལ་མར་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་ཀྱང་དབུལ་ཞིང་ཕོངས་བའི་བལ་ཡུལ་རྒྱལ་ཁབ་དེ་རྒྱ་ནག་དང་ཚོང་དོན་གྱི་འབྲེལ་ལམ་ཡག་ཤོས་ཡིན་པ་མ་ཟད་རྒྱ་ནག་དེ་བཞིན་བལ་ཡུལ་ནང་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་མཁན་ཤུགས་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་བལ་ཡུལ་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་ནས་བལ་ཡུལ་ནང་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་དེའི་ཐད་རྒྱུན་དུ་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎