རྒྱ་ནག་ཏུ་འཇར་མི་ནིའི་སྲིད་བློན་མཇལ་རྒྱུར་བཀག་འགོག

རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་འཇར་མ་ནིའི་སྲིད་བློན་མཇལ་འཕྲད་ཞུ་བར་རྒྱ་གཞུང་གིས་བཀག་འགོག

2012.02.03

༄༅༎རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་མོ་ཧྲའོ་ཕིང་གིས་འཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་མཇལ་འཕྲད་ཞུ་བར་རྒྱ་ནག་གཞུང་གིས་མ་བཏང་བར་བཀག་འགོག་བྱས་ཡོད་པ་རེད།
རྒྱ་མི་རིགས་ཁྲིམས་རྩོད་པ་མོ་ཧྲའོ་ཕིང་གིས་རྒྱ་མིའི་བཙོན་དུ་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལིའུ་ཧྲའོ་ཕའོ་དང་བཙོན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཀའོ་ཀྲི་ཧྲེང་གཙོས་པའི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་བ་ཁག་ཅིག་གི་ཐོབ་ཐང་ཁྲིམས་ཐོག་ནས་སྲུང་སྐྱོབ་རྩོད་ལེན་གནང་ཡོད་ཅིང༌། ཁོང་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་པེ་ཅིང་དུ་ཡོད་པའི་འཇར་མ་ནི་གཞུང་ཚབ་ཁང་ནས། སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་ལ་སྣེ་ལེན་མཛད་སྒོར་མགྲོན་འབོད་བྱས་ཡོད་ཀྱང་རྒྱ་མིའི་ཉེན་རྟོག་པས་ཁོང་གི་ལས་ཁུངས་སུ་ཡོང་སྟེ་འགྲོ་བསྐྱོད་བཀག་འགོག་བྱས་ཡོད་པ་རེད། དེ་རིང་རེས་གཟའ་པ་སངས་ཉིན་ཁོང་གིས་ཕེ་རན་གསར་འགོད་པར་གསུང་དོན། ངོས་ལ་རེས་གཟའ་ཟླ་བའི་ཉིན་མགྲོན་བརྡ་འབྱོར་ཏེ་འཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་གི་ལྷན་དུ་རྒྱ་ནག་གི་ཁྲིམས་ལུགས་གི་གནས་སྟངས་ཐོག་གོ་བསྡུར་ཞུ་བ་དང་ཁྲིམས་རྩོད་པ་ཚོར་གདུང་སེམས་ཉམས་བསྐྱེད་མཚོན་དོན་དུ་ང་ལ་གདན་ཞུ་འབྱོར་བྱུང་ཡང༌། རྒྱ་མིའི་ཉེན་རྟོག་པས་ཁོང་གི་ལས་ཁུངས་ནང་ཚོུད་གསུམ་ལྷག་བསྡད་དེ་ལྕམ་ཨེན་ཇེ་ལ་མར་ཀེལ་མཇལ་འཕྲད་ཞུ་བར་མ་བཏང་བར་བཀག་འགོག་བྱས་པ་མ་ཟད། ཉེན་རྟོག་པས་ཁོང་ལ། རྒྱ་ནག་གི་མི་རབས་གསུམ་པའི་འགོ་ཁྲིད་ཧུ་ཅིན་ཐའོ་གྱིས་མི་ལོ་བཅུ་དབང་ཆ་འཛིན་པ་འཕོ་འགྱུར་འགྲོ་གི་ཡོད་པ་དེའི་ཆེད་དུ་འདི་ལོའི་ལོ་མཇུག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མ་ཚོགས་པའི་གོང་དེར་སྤྱི་ཚོགས་བརྟན་ལྷིང་གནད་དོན་གྱི་རྐྱེན་པས་འཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་མཇལ་འཕྲད་ཞུ་བ་འགྲོ་ཆོག་གི་མ་རེད་ཅེས་བཤད་བྱུང་ཟེར་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་པེ་ཅིང་དུ་ཡོད་པའི་འཇར་མ་ནི་གཞུང་ཚབ་ཁང་ཕྱོགས་ནས་ད་རེས་མོ་ཧྲའོ་ཕིང་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་གི་སྣེ་ལེན་མཛད་སྒོར་བཅར་མ་ཐུབ་པ་དེའི་ཐད་གསལ་བཤད་གང་ཡང་གནང་མེད་པ་དང༌། དེ་རིང་རེས་གཟའ་པ་སངས་ཉིན་སྲིད་བློན་མཆོག་རྒྱ་ནག་གི་བཟོ་ལས་ཐོན་སྐྱེད་ཀྱི་གྲོང་ཁྱེར་ཀུའང་ཀྲུ་དུ་འཚམས་འདྲི་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎