སྒྱུ་རྩལ་བ་ཨེ་ཝེ་ཝེའི་ཁྲིམས་རྩོད་པར་བརྟག་དཔྱད།

ཨེ་ལྦེ་ལྦེ་ཡི་དཔྱ་ཁྲལ་མ་སྤྲད་པའི་དོན་རྐྱེན་ཁྲིམས་གཞི་དང་འབྲེལ་བ་ཡོད་སྲིད་པའི་ཁྲིམས་རྩོད་ཁང་དེར་ཉེན་རྟོག་པས་བརྟག་དཔྱད་བྱས་འདུག

2011.11.30

༄༅༎རྒྱ་ནག་ནང་སྙན་གྲགས་ཆེ་བའི་སྒྱུ་རྩལ་བ་ཨེ་ལྦེ་ལྦེའི་དཔྱ་ཁྲལ་གནད་དོན་ཐོག་ཁྲིམས་རྩོད་གནང་མཁན་གྱི་ཁྲིམས་རྩོད་པས་དེ་རིང་གཟའ་ལྷག་པའི་ཉིན་གསུང་ན་ རྒྱ་ནག་ཉེན་རྟོག་པས་ཨེ་ལྦེ་ལྦེ་ཡི་དཔྱ་ཁྲལ་མ་སྤྲད་པའི་དོན་རྐྱེན་ཁྲིམས་གཞི་དེ་དང་ ཁྲིམས་རྩོད་པའི་དབར་འབྲེལ་བ་ཡོད་ལུགས་བཤད་ནས་གཟའ་མིག་དམར་ཉིན་ཁྲིམས་རྩོད་ཁང་དེར་ཉེན་རྟོག་པས་བརྟག་དཔྱད་བྱེད་པར་ཡོང་ལུགས་ཁྲིམས་རྩོད་པ་ཕུའུ་ཀྲེ་ཆིང་གིས་དེ་རིང་གསུང་འདུག  
ཁྲིམས་རྩོད་པ་ཕུའུ་ཀྲེ་ཆིང་གི་ཁྲིམས་རྩོད་ལས་ཁང་དེ་བཞིན་སྒྱུ་རྩལ་བ་ཨེ་ལྦེ་ལྦེས་མ་དངུལ་བཏང་ནས་གསར་བཙུགས་བྱས་པ་ཞིག་ཡིན་པ་དང་ ཉེན་རྟོག་པས་ཁྲིམས་རྩོད་པ་ཕུའུ་ཀྲེ་ཆིང་ལ་ སྒྱུ་སྩལ་བ་ཨེ་ལྦེ་ལྦེའི་དཔྱ་ཁྲལ་གྱོད་དོན་སེལ་ཐབས་སུ་ཉེན་རྟོག་ལས་ཁང་ལ་གཞོགས་འདེགས་བྱེད་དགོས་པའི་དགོས་འདུན་བཏོན་ནས་ ལོ་འདིའི་ཨེ་ལྦེ་ལྦེ་དང་ཁྲིམས་རྩོད་ཁང་དེའི་བྱུང་སོང་ཀྱི་རྩིས་ཕྲ་ཆ་ཚང་འདྲ་བཤུས་རྒྱབ་ནས་འཁྱེར་བའི་སྐོར་ཁྲིམས་རྩོད་པ་ཕུའུ་ཡིས་གསུང་འདུག དེ་དང་འབྲེལ་ཉིན་དེ་རང་དུ་ཉེན་རྟོག་པས་ཨད་དབོད་དབོད་ཀྱི་བཟའ་ཟླ་ལུའུ་ཆིང་ཕྲལ་དུ་ས་གནས་དེའི་ཁོངས་གཏོགས་མངགས་གཏོང་ཁང་དུ་ཡོང་དགོས་པའི་བརྡ་ཐོ་བཏང་ཡོད་པ་དང་ སྒྱུ་རྩལ་བ་ཨེ་ལྦེ་ལྦེའི་བཟའ་ཟླ་་ལ་ས་གནས་ཉེན་རྟོག་པས་དུས་ཡུན་ཚོུད་གསུམ་ཙམ་རིང་དྲི་བ་ལེན་ནས་རྗེས་སུ་རང་ཁྱིམ་དུ་ཕྱིར་སློག་བཏང་ཡོད་པ་དང་ ཉེན་རྟོག་པས་ལུའུ་ཆིང་ལ་་དོགས་ཡོད་ཉེས་ཅན་པ་ཡིན་ལུགས་བཤད་ཡོད་ཀྱང་ལུའུ་ཆིང་གིས་ནག་ཉེས་གང་ཡང་བསག་མེད་ལུགས་བརྗོད་ནས་ཉེས་ཅན་པ་ཡིན་པ་ཁས་ལེན་བྱས་མེད་པའི་སྐོར་འབྲེལ་ཡོད་མི་སྣས་བརྗོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎