རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་འཛིན་བཟུང༌།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་གནང་མཁན་ཁྲིམས་རྩོད་པ་ཤུ་ཀྲི་དབྱོང་ཞུ་བ་ཞིག་དོ་དམ་བཀག་ཉར་བྱས་ཡོད་པའི་གནས་ཚུལ།

2009.07.30

༄༅༎རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་གནང་མཁན་ཁྲིམས་རྩོད་པ་ཤུ་ཀྲི་དབྱོང་ཞུ་བ་ཞིག་དོ་དམ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཤུ་ཀྲི་དབྱོང་ཞུ་བའི་རྒྱ་རིགས་ཁྲིམས་རྩོད་པ་དེས་རྒྱ་ནག་ནང་ཀོང་མེང་འམ་ཕྱི་གསལ་དོད་པའི་མང་ཚོགས་ཀྱི་རྩ་ཁྲིམས་ཞེས་སྤྱི་མང་གི་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསར་འཛུགས་གནང་མཁན་ཞིག་ཡིན་པ་རེད། ཁོང་གི་ལས་རོགས་ཏང་ལི་ཧུ་ཞུ་བས་རོའུ་ཀྲར་གསར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་པར་གཞིགས་ན་ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཉེན་རྟོག་མི་སྣས་ཤུ་ཀྲི་དབྱོང་བཞུགས་སའི་མགྲོན་ཁང་ནས་ཁོང་འཛིན་བཟུང་བྱས་ཏེ་ད་ཆ་ཁོང་གི་ལག་འཁྱེར་ཁ་པར་དང་ནང་གི་ཁ་པར་བཅས་ལ་འབྲེལ་གཏུགས་བྱེད་ས་མེ་དཅིང་ཁོང་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

ཀོང་མེང་ཞེས་པའི་ཚོགས་པ་འདི་བཞིན་རྒྱ་ནག་ནང་མཁས་དབང་དང་ཁྲིམས་རྩོད་པ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་ཅན་ལས་གྲུབ་པའི་ཚོགས་པ་ཡིན་ཞིང་ཚོགས་པ་དེས་སྔ་ལོ་བོད་ནང་བོད་མིའི་ཞི་རྒོལ་ཆེན་མོའི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་སྙན་ཐོ་འདོན་སྤེལ་བྱས་པ་དང་གཞན་སྤྱི་མང་གི་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་རྒྱ་ནག་གཞུང་ལ་ཁྲིམས་གཏུགས་བྱས་པའི་རྐྱེན་རྒྱ་ནག་གཞུང་གིས་ཚོགས་པ་དེས་དཔྱ་ཁྲལ་ཆད་ལྷག་ཤོར་བའི་ཁ་གཡོག་འོག་ཚོགས་པའི་དེའི་ལས་ཁུངས་སྒོ་རྒྱབ་ཏུ་བཅུག་ཡོད་པ་རེད། ཀོང་མེང་ཚོགས་པའི་དྲ་རྒྱའི་ནང་བཀོད་པར་གཞིགས་ན་རྒྱ་ནག་གི་ཉེན་རྟོག་མི་སྣས་ཤུ་ཀྲི་དབྱོང་འཛིན་བཟུང་བྱས་པ་མ་ཟད་ཀྲུང་ལུ་ཟེར་བའི་ཚོགས་པ་དེའི་ལས་བྱེད་གཞན་ཞིག་ཀྱང་རེས་གཟའ་ལྷག་པའི་ཉིན་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎