རྒྱ་ནག་ནང་གི་ཆབ་སྲིད་བཅོས་བསྒྱུར་ལ་དགག་བྱ་བྱེད་པ།

རྒྱ་ནག་གི་གསར་ཤོག་ནང་ཆབ་སྲིད་བཅོས་སྒྱུར་གང་འདྲ་ཞིག་གཏོང་ཡང་རྨང་གཞི་དེ་སྲ་བརྟན་ངེས་པར་དུ་དགོས་ཀྱི་རེད་ཅེས་བརྗོད་འདུག

2010.10.27

༄༅༎ཉེ་དུས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཐེ་པའི་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་གིས་ཡུལ་གྱི་ནང་ཆབ་སྲིད་བཅོས་སྒྱུར་གང་མགྱོགས་དགོས་ངེས་ཆེ་བའི་འབོད་སྐུལ་གནང་བའི་འདོག་ཕྱོགས་། དེ་རིང་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་གཞུང་འབྲེལ་ མི་མང་ཉིན་རེའི་གསར་ཤོག་ནང་ཆབ་སྲིད་བཅོས་སྒྱུར་གང་འདྲ་ཞིག་གཏོང་བ་ཡིན་ནའང་རྨང་གཞི་དེ་སྲ་བརྟན་ངེས་པར་དུ་དགོས་ཀྱི་རེད་ཅེས་བརྗོད་འདུག།

རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གི་མདུན་ཤོག་ཐོག་བཀོད་པའི་རྩོམ་སྒྲིག་པའི་གླེང་བརྗོད་ནང༌། རྒྱུན་དུ་རྒྱ་ནག་གི་དཔོན་རིགས་ཚོས་བཤད་ཁག་པོ་བྱེད་ཀྱི་ཡོད་པའི་གླེང་གཞི་ ཆབ་སྲིད་ཚོགས་པ་གཅིག་གིས་དབར་སྒྱུར་བྱེད་བཞིན་པའི་རྒྱལ་ཁབ་དེ་དུས་ཀྱི་འགྱུར་བ་དང་མྱུར་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ནས་འགྲོ་དགོས་པའི་སྐོར་གྱི་གནད་དོན་གལ་ཆེར་རྩིས་ནས་གླེང་ཡོད་པ་རེད།

གོང་ཞུས་རྩོམ་སྒྲིག་པའི་གླེང་གཞིའི་དེའི་ནང་སྲིད་བློན་ལྦེན་ཅ་པའོ་ཡིས་བཅོས་སྒྱུར་གཏོང་དགོས་རྒྱུའི་འབོད་སྐུལ་གནང་གི་ཡོད་པའི་གནས་ཚུལ་འགྲེལ་བརྗོད་མ་ཡང་མ་བྱས་པར་། གནམ་ས་སླ་འོག་གི་འགྱུར་བ་གཏོང་ཐབས་བྱེད་པ་ལས་སྙུགས་རུས་ཅན་གྱི་འགྱུར་བ་རན་འཚམས་ཞིག་གཏོང་ཐབས་བྱེད་ན་ལེགས་པ་ཡོང་རྒྱུའི་སློབ་སྟོན་བྱས་འདུག། གོང་ཞུས་གསར་ཤོག་དེས་ ཆབ་སྲིད་ཀྱི་འགྱུར་བ་ཁག་ནི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་གཏོང་དགོས་ཀྱི་ཡོད་སྟབས་གཏན་པོ་བྱས་ནས་འགྲོ་དགོས་པ་ལས། ཧར་པོ་དང་ཕྱི་ཚུལ་གྱི་བཀྲག་མདངས་ཆེ་བའི་འབོད་ཚིག་སྟོང་པ་དེ་དག་བསྒྲགས་ནས་ཕན་ཐོག་མེད་པའི་སྐོར་འགྲེལ་བརྗོད་ཀྱིས་བློ་མཐུན་ཏིང་ཞའོ་པིང་གིས་རྒྱལ་ཁབ་ཀྱི་སྲིད་བྱུས་ལམ་ལུགས་ཡང་དག་པ་ཡིན་མིན་རྟག་དཔྱད་བྱ་ཐབས་གསུམ་ཡོད་པའི་ནང་ནས་དང་པོ་དེ་ཆབ་སྲིད་ཀྱི་བརྟན་ལྷིང་ཡོད་མེད་ལྟ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བརྗོད་པ་ལུང་འདྲེན་བྱས་ཏེ། ད་ལྟའི་སྐབས་ཀྱི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་རྒྱལ་ཁབ་ཀྱི་གནས་སྟངས་དང་རན་ཤོས་ཡོད་པ་མ་ཚད་ནུས་ཤུགས་ལྡན་པ་ཞིག་ཡོད་སྐོར་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ནང་བཀོད་སྤེལ་བྱས་འདུག། མཐའ་བསྡོམས་སུ་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་དེ་ཚོ་། སྲིད་དོན་ཚོགས་པ་མ་པོས་རེ་མོས་བཞིན་གཞུང་སྲིད་འཛིན་སྐྱོང་བྱེད་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལམ་སྲོལ་ལ་རྒྱ་ནག་གིས་དཔེ་ལྟས་ན་འགྲིག་གི་མེད་པའི་སྐོར་ལའང་གླེང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎