རྒྱ་ནག་གི་ཁྲིམས་གཞི་གསར་བར་ཚོགས་ཆེན་གྱིས་ཆོག་མཆན་སྤྲད་པ།


2016.04.28
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཡུལ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༡༦།༣།༣ རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་ཡུལ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༢༠༡༦།༣།༣
AFP

རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ནས་གཞུང་འབྲེལ་མ་ཡིན་པའི་ཕྱི་རྒྱལ་གྱི་ཚོགས་པ་ཚོའི་ལས་དོན་སྤེལ་ཕྱོགས་ཐོག་ཁྲིམས་གཞི་གསར་པར་ཆོག་མཆན་སྤྲད་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་ནས་དེ་རིང་ཚེས་༢༨་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ནས་གཞུང་འབྲེལ་མ་ཡིན་པའི་ཕྱི་རྒྱལ་ཚོགས་པ་ཁག་ནས་རྒྱ་ནག་ནང་ལས་དོན་སྤེལ་ཕྱོགས་ཀྱི་ཁྲིམས་གཞི་གཏན་འབེབས་དང་འབྲེལ་ཆོག་མཆན་སྤྲད་ཡོད་ལུགས་བཀོད་ཡོད་ཀྱང་། ཁྲིམས་གཞི་དེའི་ནང་དོན་གསལ་ཁ་མེད་པ་དང་། སྣོན་ཁྲི་སྤོར་བཅོག་སོགས་བྱས་ཡོད་མེད་དམིགས་བསལ་འགྲེལ་བཤད་གང་ཡང་རྒྱབ་མེད་པ་རེད། ཁྲིམས་གཞི་དེའི་ནང་རྒྱ་ནག་གི་ངོས་ནས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་ཕྱོགས་དང་། དྲ་རྒྱའི་ཐོག་དམ་དྲག་དང་ཡང་ན་སྲུང་སྐྱོབ་བྱེད་ཕྱོགས་བཅས་པའི་གནད་དོན་ཡང་ཚུད་ཡོད་འདུག
ཉིན་ཤས་གོང་ཙམ་ལ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། གོང་དུ་ཞུས་པའི་ཁྲིམས་གཞིའི་དེའི་ཐོག་ཕྱིའི་རྒྱལ་ཁབ་དང་། ཚོགས་པ་ཁག་ཅིག་ནས་བཅོས་བསྒྱུར་དགོས་ལུགས་བསམ་ཚུལ་བཏོན་ཡོད་པ་དེ་དག་གི་ཐོག་གནད་དོན་ག་རེ་ཆགས་ཡོད་མེད་ཀྱང་དམིགས་བསལ་གསལ་ཁ་བཏོན་མེད་པ་གང་ལྟར་ཨ་མི་རི་ཀ་དང་། ཁེ་ན་ཊ། ཡོ་རོབ་སྤྱི་མཐུན་བཅས་ནས་རྒྱ་ནག་གཞུང་ལ་ཁྲིམས་གཞི་དེའི་འོག་ནས་ཕྱི་རྒྱལ་གྱི་ཚོགས་པ་ཚོས་རྒྱ་ནག་ནང་རོགས་རམ་སྤྲོད་ཕྱོགས་དང་། ལས་དོན་སྤེལ་ཕྱོགས་ལ་རྒྱ་ནག་གིས་སོ་བལྟ་དང་སྟངས་འཛིན་བྱེད་པའི་རྣམ་པ་ཡོད་པ་དེ་དག་བསྒྱུར་བཅོས་གཏོང་དགོས་ལུགས་འབོད་སྐུལ་ཞུས་ཡོད་པ་དེར་སྣང་མེད་བཞག་པ་ལྟབུ་ཞིག་ཏུ་འགྱུར་ཡོད་འདུག
རྒྱ་ནག་གི་གོང་ཞུས་ཁྲིམས་གཞིའི་དེའི་ཐོག་ནས་རྒྱ་ནག་ནང་སྤྱི་ཚོགས་དང་ཁོར་ཡུག་གི་ལས་དོན་སྤེལ་རྒྱུར་རོགས་རམ་བྱེད་མཁན་ཚོའི་ལས་དོན་ལ་དོ་ཕོག་འགྲོ་སྲིད་པའི་ཚོད་དཔག་དང་བློ་འཚབ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎