རྒྱ་ནག་གིས་དྲ་ལམ་དམ་དྲག་ལྟ་ཞིབ་ཀྱི་ལམ་ལུཊ་དམ་དུ་གཏོང་དགོས་ཟེར།


2018.02.02
རྒྱ་ནག་ནང་གི་དྲ་རྒྱ་ཁང་དང་ཉེན་རྟོག་པ། རྒྱ་ནག་ནང་གི་དྲ་རྒྱ་ཁང་དང་ཉེན་རྟོག་པ།
དྲ་བཤུས།

རྒྱ་ནག་གཞུང་གིས་དྲ་རྒྱ་དང་སྐད་འཕྲིན་སོགས་ཀྱི་ཐོག་དམ་དྲག་ལྟ་ཞིབ་ཀྱི་ལམ་ལུགས་དམ་དུ་གཏོང་དགོས་ལུགས་བརྗོད་ཡོད་འདུག
དེ་ཡང་མི་རྣམས་ཀྱིས་ཧ་ཅང་དགའ་མོས་བྱེད་སའི་དྲ་རྒྱའི་ཞབས་ཞུ་ཞིག་ལ་གཞུང་ཕྱོགས་ནས་སྐྱོན་བརྗོད་བྱས་པའི་རྗེས། འདི་ཚེས་༢་གཟའ་པ་སངས་ཉིན་རྒྱ་ནག་གི་དྲ་རྒྱ་དོ་དམ་ལས་ཁང་གིས་དྲ་རྒྱའི་ཐོག་དངོས་ཡོད་དང་མི་མཐུན་པའི་རིགས་ཟེར་བའི་གནས་ཚུལ་བཀོད་སྤེལ་མི་ཆོག་པའི་དམ་དྲག་ལྟ་ཞིབ་དོ་དམ་དུ་གཏོང་རྒྱུའི་བཀའ་བརྒྱ་བཏང་ནས། དྲ་རྒྱའི་ཞབས་ཞུའི་ཚན་པ་ཁག་གིས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱ་རྒྱུར་ལྟ་ཞིབ་ཀྱིས་གནས་ཚུལ་རྫུན་མ་ཞེས་པ་རང་བཞིན་གྱིས་མེད་པ་བཟོ་རྒྱུའི་འཕྲུལ་ཆས་རིགས་བེད་སྤྱོད་བྱ་དགོས་ལུགས་བཀོད་ཡོད་ཅིང་། བཀའ་རྒྱ་གསར་པ་བཏང་བ་དེའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ཚོས་དྲ་རྒྱའི་ཐོག་ནས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་དམ་དྲག་བཀག་སྡོམ་ནན་དུ་བཏང་བ་ཞིག་མ་ཟད། དེ་དང་ཕྱོགས་མཚུངས་དྲ་རྒྱའི་ཐོག་ནས་དཔལ་འབྱོར་གྱི་ཁེ་ཕན་སྐྲུན་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནང་བེད་སྤྱོད་ཧ་ཅང་ཆེ་བའི་ཝེ་པོ་(weibo)དྲ་རྒྱའི་ཞབས་ཞུ་ཚན་པས་ཝེ་པོ་དྲ་རྒྱའི་ཐོག་གནས་ཚུལ་རྫུན་མ་ཟེར་པ་ངོས་འཛིན་ཐུབ་མཁན་གྱི་འཕྲུལ་ཆས་རིགས་བཙུགས་ནས་འཕྲུལ་ཆས་དེ་བརྒྱུད་རྒྱ་ནག་གཞུང་གིས་བརྗོད་པའི་གནས་ཚུལ་རྫུན་མ་ཟེར་བའི་རིགས་ཝེ་པོ་དྲ་རྒྱའི་ཐོག་བཀོད་སྤེལ་བྱས་ཚེ་རང་བཞིན་གྱིས་མེད་པ་བཟོ་ཡི་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་དྲ་རྒྱ་དོ་དམ་ཚན་པས་དྲ་རྒྱའི་ཞབས་ཞུའི་ཚན་པ་ཁག་གིས་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་གྱི་དྲ་བཤུས་རྣམས་ཟླ་བ་དྲུག་རིང་ཉར་ཚགས་བྱ་དགོས་ལུགས་བཀའ་རྒྱ་དེའི་ནང་བཀོད་ཡོད་འདུག
རྒྱ་ནག་གཞུང་གིས་དྲ་རྒྱ་དང་སྤྱི་ཚོགས་གསར་འགོད་ལས་རིགས་ཚོས་དྲ་རྒྱའི་ཐོག་ཚོང་དོན་དང་སློབ་གསོ་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་བཀོད་སྤེལ་བྱ་རྒྱུའི་སྐུལ་འདེགས་བཏང་ནས་དྲ་རྒྱའི་ཐོག་གཞུང་ཕྱོགས་ཀྱི་བསམ་ཚུལ་དང་གཅིག་འཚུངས་མིན་པའི་གནས་ཚུལ་རིགས་བཀོད་སྤེལ་བྱ་རྒྱུར་དམ་དྲག་བཀག་སྡོམ་ནན་པོ་བྱས་པའི་འོག་དེང་སྐབས་རྒྱ་ནག་གི་དྲ་རྒྱའི་ཐོག་གི་གནས་ཚུལ་བཀོད་སྤེལ་གྱི་འཕེལ་ཕྱོགས་དེ་བཞིན་རྒྱ་ནག་གི་འདོད་མོས་བཞིན་བསྐྱོད་ཀྱི་ཡོད་པ་རེད།
གཟའ་འཁོར་སྔོན་མ་རྒྱ་ནག་གི་ཝེ་པོ་(weibo)་དྲ་རྒྱའི་ཐོག་མི་རིགས་མཐོང་ཆུང་རིགས་ཀྱི་རྩོམ་ཡིག་བཀོད་སྤེལ་བྱས་ནས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོར་ནོར་འཕྲུལ་གྱི་བསམ་བློའི་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ལུགས་གཞུང་གིས་ཉེས་བཙུགས་བྱས་ནས་དུས་ཡུན་གཟའ་འཁོར་གཅིག་ལྷག་རིང་ཝེ་པོ་དྲ་རྒྱ་སྒོ་རྒྱབ་བཅུག་ཡོད་པ་རེད།
ཝེ་པོ་དྲ་རྒྱས་ན་ནིང་ཕྱི་ཟླ་དགུ་པའི་བར་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱི་གྲངས་འབོར་ཕྱིར་བསྒྲགས་བྱས་པའི་ནང་། བེད་སྤྱོད་བྱེད་མཁན་མི་གྲངས་དུང་ཕྱུག་གསུམ་ལྷག་ཟིན་གྱི་ཡོད་པ་དང་། འཛམ་གླིང་ནང་མི་རྣམས་ཀྱིས་དགའ་མོས་ཆེ་ཤོས་ཀྱི་དྲ་རྒྱའི་ཞབས་ཞུ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎