དྲུག་བཞིའི་ཐད་གསལ་བསྒྲགས་ལ་རྒྱ་གཞུང་ནས་སྐྱོན་བརྗོད།
2010.06.06
༄༅༎ཨ་མི་རི་ཀས་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཆབ་སྲིད་གྱི་དོན་རྐྱེན་ཐད་གསལ་བསྒྲགས་གནང་བ་དེར་རྒྱ་ནག་གཞུང་གིས་ སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་མི་རི་ཀའི་སྲིད་ཕྱིད་ལས་ཁུངས་ནས་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞིའི་གནམ་བདེ་སྒོ་མོ་ཆེར་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་དྲག་གནོན་བྱས་ནས་ལོ་ཉི་ཤུ་རྩ་གཅིག་འཁོར་བ་དང་སྟབས་བསྟུན་གྱིས་དོན་རྐྱེན་དེའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་ཡོད་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་ ཨ་རིའི་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་འཐེ་བྱུས་བྱས་ཡོད་པར་ངོས་འཛིན་གྱིས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཀྲའུ་ཞུ་ལ་གསར་འགོད་པས་བཀའ་འདྲི་ཞུ་སྐབས་གནམ་བདེ་སྒོ་མི་ཆེའི་ཆབ་སྲིད་ཀྱི་དོན་རྐྱེན་ཐད་གཞུང་གིས་ཕྱི་ལོ་༡༩༨༠འི་མཇུག་ཏུ་ཐག་གཅོད་གནང་ཟིན་ཡོད་པ་དང་ ཨ་མི་རི་ཀས་ད་དུང་དངོས་ཡོད་གནས་ཚུལ་ངོས་ལེན་མ་བྱས་པར་གཞི་རྩ་མེད་པའི་སྐྱོན་བརྗོད་ཡིན་ལུགས་འགྲེལ་བརྗོད་དང་སྦྲགས་ ཨ་མི་རི་ཀས་རྒྱ་ནག་གི་ནང་སྲིད་ལ་བསམ་ཤེས་རྩ་བ་ནས་མེད་པའི་ཐེ་བྱུས་ཁོ་ན་ཡིན་ལུགས་སྐྱོན་བརྗོད་བྱས་འདུག ཡང་ཁོང་གིས་ཨ་མི་རི་ཀས་ཕྱོགས་སུ་ལྷུངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་རིགས་དོར་ནས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་གཡོ་སྲང་གནང་དགོས་པའི་སྐུལ་དེད་ཀྱང་ཞུས་གནང་འདུག༎