རྒྱ་ནག་གིས་རྒྱ་གར་གྱི་རི་ལིའི་ལྕགས་ལམ་རྒྱ་བསྐྱེད་ཆེད་མ་རྩ་འཇོག་རྒྱུ།


2014.09.15
རྒྱ་གར་གྱི་རི་ལིའི་ལྕགས་ལམ། རྒྱ་གར་གྱི་རི་ལིའི་ལྕགས་ལམ།
དྲ་བཤུས

རྒྱ་ནག་གིས་རྒྱ་གར་གྱི་རི་ལིའི་ལྕགས་ལམ་འཛུགས་སྐྲུན་རྒྱ་བསྐྱེད་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་བསྐྲུན་རྒྱུ་ངེས་ཡོད་འདུག
དེ་ཡང་ཨེ་ཤེ་ཡའི་དཔལ་འབྱོར་ཆེ་ཤོས་གྱི་རྒྱལ་ཁབ་རྒྱ་ནག་དང་། རྒྱ་གར། ཉི་ཧོང་བཅས་ཀྱི་དབུ་ཁྲིད་རྣམས་ཉེ་ལམ་ཕན་ཚུན་གཟིགས་སྐོར་དུ་བསྐྱོད་དེ་སྲུང་སྐྱོབ་དང་ཚོང་འབྲེལ་རྒྱ་བསྐྱེད་གཏོང་རྒྱུའི་འབད་བརྩོན་གནང་མུས་ཐོག་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་དཀའ་རྙོག་ཡོད་མུས་ལ་མི་བལྟོས་བར་འབྲེལ་ལམ་སྤྱི་དང་ལྷག་དོན་དུ་ཚོང་འབྲེལ་ཆེ་རུ་གཏོང་རྒྱུར་དམིགས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་དུ་གཟིགས་སྐོར་དུ་ཕེབས་སྐབས་རྒྱ་གར་ནང་རི་ལིའི་ལྕགས་ལམ་རྒྱ་བསྐྱེད་ཆེད་ཨ་སྒོར་ཐེར་འབུམ་ལྔ་བཅུ་མ་རྩ་འཛུགས་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། རྒྱ་གར་གྱི་མཚོ་ཁའི་བབས་ཚུགས་རྒྱ་བསྐྱེད་ཆེད་ཨ་སྒོར་ཐེར་འབུམ་ལྔ་བཅུ་གཏོང་རྩིས་ཡོད་འདུག ཉེ་དུས་རྒྱ་གར་སྲིད་བློན་ན་རེནྡར་མོ་དྷི་མཆོག་ཉི་ཧོང་དུ་འཚམས་འདྲིའི་གཟིགས་སྐོར་སྐབས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྭེ་མཆོག་གིས་རྒྱ་གར་དུ་མྱུར་ཚད་མགྱོགས་པའི་རི་ལི་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་སུམ་ཅུ་སོ་ལྔའི་མ་རྩ་འཛུགས་རྒྱུའི་ཁས་ལེན་གནང་ཡོད་རེད། རྒྱ་གར་དང་རྒྱ་ནག་དབར་དེ་སྔའི་ས་མཚམས་ཀྱི་རྙོག་དྲ་ཡོད་མུས་མ་ཟད། རྒྱ་ནག་གིས་ཡང་ཡང་བཙན་འཛུལ་བྱེད་བཞིན་པ་དེར་རྒྱ་གར་གྱིས་བློ་འཚབ་བྱེད་བཞིནཔའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་སྤེལ་ཕྱོགས་ཐད་རྒྱ་ནག་གིས་གླེང་སློང་ཡོང་མུས་ཡིན་པ་རེད། སྲིད་འཛིན་ཞི་ཅིན་ཕེན་ཐོག་མར་གྷུཇ་རཐ་(Gujarat) གྱི་གྲོང་ཁྱེར་ཨེ་མདྷ་བྭདྷ་(Ahmedabad) ནང་སྲིད་བློན་མོ་དྷི་དགུང་གྲངས་༦༤ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་ནས་ཕེབས་གཏན་འཁེལ་བ་དེས་དབུ་ཁྲིད་རྣམ་གཉིས་དབར་སྐུ་སྒེར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་དམིགས་ཡུལ་བཅངས་བ་གོར་མི་ཆག་པ་རེད། སྲིད་བློན་མི་དྷི་མཆོག་གིས་རྒྱ་ནག་དང་འབྲེལ་ལམ་གནང་ཕྱོགས་གཟབ་གཟབ་གནང་བཞིན་པའི་རྣམ་པར་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་ལ་མ་ཕེབས་གོང་ཉི་ཧོང་གི་གཟིགས་སྐོར་གནང་ཡོད་པ་མ་ཟད། རིང་མིན་ཨ་མི་རི་ཀར་ཡང་ཕེབས་གཏན་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎