ཞིབ་བཤེར་འོག་གི་དམག་དོན་འགན་འཛིན་ཟུར་བ་གྲོངས་འདུག


2015.03.17

རྒྱ་ནག་གཞུང་གི་ཞིབ་བཤེར་འོག་ཡོད་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་Xu Caihouའདས་གྲོངས་སུ་ཕྱིན་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན། སྤྱི་ཟླ་༣་པའི་ཚེས་༡༦་རེས་གཟའ་ཟླ་བའི་ཉིན་གྱི་མཚན་གཞུང་རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་Xu Caihouགཅིན་ལྒང་ལ་འབྲས་ནད་ཕོག་པའི་ནད་དེ་སྡུག་ཏུ་ཕྱིན་པའི་དབང་གིས་བཅོས་ཐབས་བྱུང་མེད་པར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གནས་ཚུལ་ནང་། ཁོང་གྲོངས་ཟིན་ཡང་དེ་ལོ་སྔོན་མའི་ནང་འགོ་བཙུགས་ཡོད་པའི་ཁོ་པོའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་འཇུག་དེ་མུ་མཐུད་ནས་འགྲོ་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་གནང་འདུག
རྒྱ་ནག་དམག་དོན་དྲ་བས་རེས་གཟའ་ཟླ་བའི་ཉིན་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ཞོའུ་ཚའོ་ཧོ་ཡི་མི་ཚེ་རྫོགས་ཀྱང་དམག་མིའི་ཁྲོད་ཀྱི་ལྐོག་ཟླ་རུལ་སུངས་ཀྱི་རྒོལ་རྡུང་ལས་དོན་མཚམས་འཇོག་གི་མ་རེད་ལ། དེ་མིན་གྱོད་དོན་དང་འབྲེལ་ཡོད་མི་སྣར་ཐག་མ་བཅད་པར་རང་དགར་འཇོག་རྒྱུ་མ་རེད་ཅེས་སྤེལ་ཡོད་པ་རེད།
ལོ་གྲངས་༧༡་ཡིན་པའི་ཞོའུ་ཚའོ་ཧོXu Caihouསྤྱི་ལོ་༢༠༡༣་ལོའི་ལོ་འགོར་གཅིན་ལྒང་ལ་འབྲས་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། ཁོང་ལ་ལྐོག་ཟ་དང་ལྐོག་ངན་བླངས་བའི་ནག་ཉེས་དོགས་གཞི་བྱས་རྗེས་ཏང་གི་སྒྲིག་འཛུགས་ནས་ཕྱིར་འཕུད་བཏང་སྟེ་རྒྱ་ནག་གི་ཞིབ་དཔྱོད་ཚན་པས་རྟོག་ཞིབ་བྱེད་འགོ་བཙུགས་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎