རྒྱ་ནག་གཞུང་གིས་དངུལ་དངོས་ལ་བརྟེན་ནས་བོད་མི་སླུ་ཐབས།


2015.09.30
རྒྱ་ནག་གཞུང་གིས་དངུལ་དངོས་ལ་བརྟེན་ནས་བོད་མི་སླུ་ཐབས། ཕོ་བྲང་པོ་ཏ་ལ།
བི་ཀི་པི་ཊ་ཡ།

༄༅། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཐོག་བཏང་འཛིན་དོ་དམ་ཆ་ཚང་བྱེད་ཀྱི་ཡོད་པ་མ་ཟད།  དངུལ་གྱི་འགྲོ་སོང་ཧ་ཅང་མང་པོ་བཏང་སྟེ་བོད་མི་མང་གི་སེམས་རྒྱ་གཞུང་ལ་འགུག་ཐབས་བྱེད་བཞིན་ཡོད་སྐོར་དེ་རིང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།  རྒྱ་གཞུང་གིས་ཕྱི་ལོ་༡༩༥༢་ལོ་ནས་བཟུང་བོད་ནང་ཨ་རིའི་གྲོ་ལོར་ཐེར་འབུམ་༡༠༠་ལྷག་ཙམ་བཏང་སྟེ་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་བྱས་པ་དང་།  དུས་མཚུངས་བོད་མིའི་སེམས་རྒྱ་ནག་ཕྱོགས་ལ་འགུག་ཐབས་བྱེད་ཀྱི་ཡོད་པ་མ་ཟད།  བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་མི་བདེ་བ་ཆེན་པོ་བྱེད་མུས་ཡིན་པ་རེད།  རྒྱ་གཞུང་གིས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་འཁྲུལ་སྨྱོ་ལྟར་མི་བདེ་བ་བྱས་པའི་རྐྱེན་གྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་གི་ཡོད་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་སྐྱོན་བརྗོད་བྱེད་ཡོད་རེད།  ཁེ་ན་གྲའི་གྲོང་ཁྱེར་Vancouver ནང་གི་British Columbia གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་ཚེ་རིང་ཤཀྱ་ལགས་ནས་ད་ཆ་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་ཐབས་ཇུས་ལ་འགྱུར་བ་བཏང་སྟེ་བོད་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་རྒྱ་ནག་ལ་ཤ་ཚ་ཡོད་པ་བཟོ་རྒྱུར་མགོ་སྐོར་སླུ་བྲིད་གཏོང་གི་ཡོད་པ་དང་རྒྱ་མིའི་དཔོན་རིགས་ཚོ་དང་ངན་པ་ལག་འབྲེལ་བྱེད་འདོད་ཡོད་པ་ཚོའི་མཉམ་དུ་ལས་ཀ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ལུགས་གསུངས་འདུག།  འོན་ཀྱང་གཞི་ལུས་བོད་མི་རྣམས་རྒྱ་མིའི་དབང་བསྒྱུར་ལ་མི་འདོད་པར་ཞི་རྒོལ་མུ་མཐུད་གནང་བཞིན་པ་དང་།   ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་ནང་གི་བོད་མི་སྐྱ་སེར་ཕོ་མོ་༡༤༠་ལྷག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་དགོས་འདུན་བཏོན་པའི་གནས་ཚུལ་ཁག་ཀྱང་བཀོད་འདུག༎

སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎