རྒྱ་ནག་མི་དམངས་འཐུས་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་སྐོར།

འདི་ལོའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ལྷན་ཚོགས་དེ་ཕྱི་ཟླ་གསུམ་པའི་ཚེས་ལྔ་ཉིན་འགོ་བཙུགས་གནང་གི་ཡོད་པའི་གནས་ཚུལ།

2009.02.04

༄༅༎འདི་ལོའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ལྷན་ཚོགས་དེ་ཕྱི་ཟླ་གསུམ་པའི་ཚེས་ལྔ་ཉིན་འགོ་བཙུགས་གནང་གི་ཡོད་སྐོར་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་དང་ཡིན་ནའང་རྒྱུན་ལྡན་གཟའ་འཁོར་གཉིས་ཙམ་ཚོགས་ཀྱི་ཡོད་པའི་ལྷན་ཚོགས་དེ་དུས་ཡུན་ག་དུས་མཇུག་སྒྲིལ་བྱེད་ཀྱི་ཡོད་མེད་ཀྱི་སྐོར་གནས་ཚུལ་གསལ་ཁ་གང་ཡང་སྟོན་མེད་པ་རེད།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དེ་ནི་དམངས་གཙོའི་ཡུལ་ཁག་གི་གྲོས་ཚོགས་དང་མི་འདྲ་བར་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་ཁྲིད་ཚོས་ནང་མོལ་ཐག་ཆོད་བྱུང་བའི་སྲིད་བྱུས་ལ་དང་ལེན་བྱེད་མཁན་གྱི་ཐེལ་ཙི་ལྟ་བུ་དེ་ཡིན་པ་རེད། དེ་ལྟར་ཡང་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་འདི་ལོ་ཨ་རི་དང་ཡུ་རོབ་ཡུལ་ཁག་གི་ནང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་རུ་ཕྱིན་པའི་ཤུགས་རྐྱེན་འོག་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ཀྱང་ཧ་ཅང་ཉམ་རྒུད་ཆེན་པོ་གྱུར་ཏེ་མི་མང་ས་ཡ་མང་པོ་ལས་མེད་འགྱུར་བཞིན་པ་དང་ཕྱོགས་མཚུངས་བོད་ནང་རྒྱ་ནག་གིས་དྲག་པོའི་བཙན་འཛུལ་བྱས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་གཙོས་སེམས་འཚབ་བྱེད་དགོས་པའི་དུས་དྲན་ཡང་མང་པོ་ཞིག་འཁེལ་གྱི་ཡོད་ཅིང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་རྣོ་བསམ་མང་པོ་གཏོང་དགོས་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།

དེ་ཡང་དཔེར་ན་རྒྱ་ནག་གཞུང་གིས་རེས་གཟའ་ཟླ་བའི་ཉིན་གྲོང་གསེབ་ཁག་ནས་ཡོང་བའི་ལས་བཟོ་བ་མི་མང་ས་ཡ་ཉི་ཤུ་ཙམ་ལས་མེད་གྱུར་བའི་གནས་ཚུལ་གསལ་སྟོན་བྱས་ཡོད་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་ལས་བཟོ་བ་ལས་མེད་གྱུར་བ་དེ་རྣམས་ལ་གཞུང་གི་དགོས་ངེས་ཀྱི་གཟེངས་རྟགས་ཤིག་མ་བྱུང་བ་ཡིན་ན་ལས་མེད་གྱུར་བའི་ལས་བཟོ་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱེད་སྲིད་པའི་འཇིགས་པ་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎