ཀྲོའུ་ཡོན་ཁང་གི་ལས་རོགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག


2016.10.13
རྒྱ་ནག་གིས་ཀྲོའུ་ཡོན་ཁང་Zhou Yongkang་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་སྐབས། ༢༠༡༥།༦།༡༡ རྒྱ་ནག་གིས་ཀྲོའུ་ཡོན་ཁང་Zhou Yongkang་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་སྐབས། ༢༠༡༥།༦།༡༡
SC/CCTV

རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱི་གཙོ་འཛིན་ཟུར་བ་ཀྲོའུ་ཡོན་ཁང་Zhou Yongkang་གི་ལས་རོགས་Tan Li་ཟེར་བ་ཞིག་ལ་རྒྱ་ནག་ལྷོ་ཕྱོགས་ཀྱི་Gaungzhou་གྲོང་ཁྱེར་ཁྲིམས་ཁང་ནས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་རེས་གཟའ་ཕུར་བུའི་ཉིན་ཚེ་བཙོན་གྱི་ཁྲིམས་ཐག་གཅད་འདུག
དེ་ཡང་གོང་གསལ་Tan Li་ཟེར་བ་དེ་Hainan་ཞེས་པའི་རྒྱ་ནག་གི་མཚོ་ཁའི་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཡིན་འདུག་ཅིང་། དེ་སྔ་Zhou Yongkang་ཟི་ཁྲོན་ཞིང་ཆེན་ནང་། གུང་ཁྲན་ཏང་གི་འགོ་འཁྲིད་བྱེད་པའི་སྐབས་Tan Li་ཁྲེན་ཏུའུ་གྲོང་ཁྱེར་གྱི་གུང་ཁྲན་ཚོགས་པའི་དྲིལ་བསྒྲགས་གཙོ་འཛིན་ཡིན་འདུག ༢༠༡༤ལོར་གཞུང་འཛིན་རྒྱ་ནག་གུང་ཁྲན་ཚོགས་པས་ཁོ་པའི་ཐོག་ཞིབ་འཇུག་བྱེད་འགོ་ཚུགས་འདུག་པ་མ་ཟད། སྔ་ལོ་༢༠༡༥་ལོར་རྒྱལ་ནང་བདེ་འཇགས་གཙོ་འཛིན་Zhou Yongkang་ལ་ ལྐོག་ཟ་རུལ་སུངས་དང་། གསང་བ་ཕྱིར་གྱར་བྱས་པ། དེ་བཞིན་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་བཅས་ཀྱི་སྐྱོན་འཛུགས་འོག་ཚེ་བཙོན་གྱི་ཉེས་ཆད་བཀལ་ཡོད་པ་རེད།
ཚེས་༡༢་ཉིན་ཀོང་ཀྲོའུ་Gaungzhou་གྲོང་ཁྱེར་ཁྲིམས་ཁང་གི་དཔྱད་ཁྲའི་གསལ་བསྒྲགས་ནང་Tan Li་ཡིས། མ་གནས་ཨ་སྒོར་ས་ཡ་༡༢་ལྷག་ལྐོག་ཟ་ལྐོག་ལེན་བྱས་པ་དང་། ཁོ་བོས་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ། བཟོ་ཚོང་ལས་ཁང་ཁག་ལ་འཛུགས་བསྐྲུན་གྱི་གན་རྒྱ་སྤྲད་པ་སོགས་ནག་ཉེས་ར་སྤྲོད་བྱུང་ཡོད་ལུགས་བརྗོད་འདུག
ཁྲིམས་ཁང་གི་དཔྱ་ཁྲའི་ནང་མུ་མཐུད་གསལ་བར། Tan Li་ནས་ནག་ཉེས་ངོས་ལེན་བྱས་ཡོད་སྟབས་ཚེ་བཙོན་གྱི་ཉེས་ཆད་བཀལ་ཡོད་པ་ལས་དེ་མིན་སྲོག་ཐོག་གི་ཉེས་ཆད་ཕོག་ཉེན་ཡིན་ལུགས་དང་། ཁོ་པའི་རྒྱུ་དངུལ་ཡོངས་རྗོགས་སྲིད་གཞུང་ནས་རྩིས་ལེན་བྱ་རྒྱུ་ཡིན་པ་གསལ་འདུག༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎