རྒྱ་ནག་ནང་བརྒྱུད་ལམ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

རྒྱ་གཞུང་གིས་༢༠༠༩ལོའི་ནང་ལ་གསར་འགོད་པས་གནས་ཚུལ་གང་ཞིག་གཏོང་ཆོག་དང་མི་ཆོག་གི་ཐོག་ལ་་བཏང་འཛིན་ནན་པོ་བྱས་འདུག

2010.01.31

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་དབྱིན་ཇིའི་སྦི་སྦི་སི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་ཐོག་ལ། རྒྱལ་སྤྱིའི་གསར་འགོད་ཚོགས་པས་སྙན་ཐོ་ཞིག་བཏོན་པའི་ནང། རྒྱ་ནག་གཞུང་གིས་འདས་ཟིན་པའི་མི་ལོ་དེ་དག་ནང་ལ། གསར་འགོད་པས་གནས་ཚུལ་གང་ཞིག་གཏོང་ཆོག་དང་མི་ཆོག་གི་ཐོག་ལ་རྒྱ་ནག་གཞུང་ཕྱོགས་ནས་ཧ་ཅང་གི་བཏང་འཛིན་ནན་པོ་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་བཀོད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།

སྙན་ཐོ་དེའི་ནང་གི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོར་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་ཚོགས་པ་ནས་བཟུང། གསར་འགོད་པའི་གནས་ཚུལ་གཏོང་སྤེལ་ཐོག་ལ་སྒྲིག་སྲོལ་བརྒྱ་ཕྲག་མང་པོ་གཏན་འབེབས་བྱས་ཏེ། གསར་འགོད་པས། རྒྱ་ནག་ནང་གི་སྤྱི་ཚོགས་བརྟན་ལྷིང་མེད་པའི་གནས་ཚུལ་དང། སྤྱི་ཚོགས་ཐོག་གི་དོན་རྐྱེན་རྩོམ་བྲིས་དང་གསར་འགྱུར་གཏོང་སྤེལ་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ཡོད་པ་དང། ལྷག་པར་དུ་ཕྱི་ལོ་༢༠༠༨ལོར་རྒྱ་ནག་ནང་དུ་ཕྲུ་གུའི་འོ་ཙམ་ནང་དུ་དུག་རྫས་བསྲེས་ལྷག་བཏང་བའི་དོན་རྐྱེན་ཚབས་ཆེ་དེ་ཐོན་པའི་སྐབས། རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར། གནས་ཚུལ་རྩོམ་བྲིས་དང་གཏོང་སྤེལ་བྱ་རྒྱུར་ངེས་པར་དུ་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་བཀོད་ཐོན་བྱུང་བའི་གསར་འགྱུར་ཁོ་ན་བེད་སྤྱོད་ཆོག་པ་ལས་དེ་མིན་གྱི་གནས་ཚུལ་མཁོ་གྲུབ་བྱེད་མི་ཆོག་པའི་བཀག་བསྡོམས་བྱས་པ་མ་ཟད། གསར་འགོད་པ་རྣམས་ཕྱི་ལོ་༢༠༠༨ལོའི་ཕྱི་ལྔ་པའི་ཚེས་༡༢ཉིན་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་ཡུལ་དུ་གནས་ཚུལ་མཁོ་གྲུབ་བྱེད་པར་འགྲོ་བསྐྱོད་བཀག་འགོག་བྱས་པའི་གནས་ཚུལ་བྱུང་པ་དང། ད་དུང་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་ཐོག་ལ་དྲག་པོའི་རྒོལ་རྡུང་བཏང་བ་མ་ཟད། ཁོང་ཚོའི་གསར་འགྱུར་མཁོ་གྲུབ་བྱེད་པར་མཁོ་བའི་ཡོ་ཆས་ཀྱང་གཏོར་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད་པ་སོགས་བཀོད་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས། ད་རེས་རྒྱལ་སྤྱིའི་གསར་འགོད་ཚོགས་པས་བཏོན་པའི་སྙན་ཐོ་དེའི་ཐོག་ལ་ད་ལྟ་བར་འགྲིག་མིན་གྱི་གནས་ཚུལ་གང་ཡང་ལན་འདེབས་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎