རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད།
2015.09.24

༄༅། །སུ་ཛ་ལེན་ཌིའི་གྲོང་ཁྱེར་ཇི་ནི་ཝའི་ནང་དེང་སྐབས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༠ པ་འཚོགས་བཞིན་ཡོད་པའི་ཐོག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་ཐད་སྐྱོན་བརྗོད་ ཆེན་པོ་བྱས་འདུག དེ་ཡང་འདི་ཚེས་ ༢༡ ཉིན་ལྷན་ཚོགས་ཀྱིས་ཐུགས་སྣང་དགོས་པའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞེས་པའི་ བརྗོད་གཞིའི་ཐོག་བཀའ་བསྡུར་གནང་བའི་སྐབས། ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས། ཉེ་བའི་ཆར་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱེད་མཁན་གྱི་ ཁྲིམས་རྩོད་པ་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ལས་དོན་གཉེར་མཁན་མི་སྣ་མང་ པོ་འཛིན་བཟུང་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་དང༌། ཡང་བོད་དང་ཤར་ཏུར་ཀིས་ཐན་བཅས་པའི་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ཁུལ་ དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་རྐྱེན་རྩ་ཇི་ཡིན་རྒྱ་ནག་གཞུང་གིས་ ཞིབ་རྩད་ཀྱིས་རྙོག་དྲ་ཡོང་གཞིའི་དཀའ་ངལ་རྣམས་སེལ་ཐབས་བྱེད་དགོས་པ་དང༌། དེ་བཞིན་སྒེར་གྱི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པའི་རྐྱེན་གྱིས་འཛིན་ བཟུང་བཙོན་འཇུག་བྱས་པ་ Liu Xiaobo ། Ilham Tohti། Gao Yu། Pu Zhiqiang བཅས་བཙོན་ནས་གློད་གྲོལ་གཏོང་དགོས་ཀྱི་རེད་ཅེས་གསུངས་འདུག་པ་མ་ཟད། སྐབས་དེར་ཨ་རི་དང༌། ཇར་མ་ནི། ཨིན་ཇི། སུ་ཛ་ལེན་ཌི། ནི་དྷར་ལེན་ཌིའི་སྐུ་ཚབ་རྣམ་པས་ཀྱང༌། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ སྦྲགས་ རྒྱ་ནག་གཞུང་གིས་བོད་དང་ཤར་རུ་ཀིས་ཐན་ནང་ཆོས་ཕྱོགས་ཀྱི་རང་དབང་ཐོག་དགོས་ མེད་ཀྱི་དམ་བསྒྲགས་བྱེད་བཞིན་པ་དེ་དག་མཚམས་འཇོགས་དགོས་པའི་འབོད་སྐུལ་གནང་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།