རྒྱ་ནག་ནང་མུ་མཐུད་ས་ཡོམ་ཐེངས་མང་རྒྱབ་ཡོད་འདུག

རྒྱ་ནག་གི་ལྷོ་ནུབ་ཝེན་ཁྲོན་གྲོང་ཁྱེར་གྱི་ས་ཁུལ་དེའི་ནང་མུ་མཐུད་ས་ཡོམ་ཤུགས་ཚད་བདུན་ཙམ་བྱས་པ་ཐེངས་བཅོ་བརྒྱད་ཙམ་རྒྱབ་ཡོད་པའི་གནས་ཚུལ་ཐོན་བཞག

2008.05.14

༄༅༎ཉེ་ཆར་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཝེན་ཁྲོན་གྲོང་ཁྱེར་ནང་ས་ཡོམ་ཤུགས་ཆེ་ཞིག་རྒྱབ་པའི་རྗེས་ས་ཁུལ་དེའི་ནང་མུ་མཐུད་ས་ཡོམ་ཤུགས་ཚད་༥ཙམ་བྱས་པ་ཐེངས་བཅོ་བརྒྱད་ཙམ་རྒྱབ་ཡོད་པའི་གནས་ཚུལ་ཐོན་བཞག་

བདུན་ཕྲག་དེའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཝེན་ཁྲོན་གྲོང་ཁྱེར་ནང་ས་ཡོམ་ཤུགས་ཚད་༧ཚགས་༨ཙམ་བརྒྱབས་པའི་རྗེས་མུ་མཐུད་ས་ཁུལ་དེའི་ནང་ས་ཡོམ་ཤུགས་ཚད་༥ཙམ་བྱས་པ་ཐེངས་བཅོ་བརྒྱད་ཙམ་རྒྱབ་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་འགྱུར་བརྒྱུད་ལམ་ནང་དེ་རིང་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་འདུག་

ད་རེས་ས་ཁུལ་དེའི་ནང་ས་ཡོམ་བྱུང་འཕྲལ་རྒྱ་ནག་གི་སྲིད་བློན་ཝེན་ཅ་བའོ་ཡིས་གོད་ཆགས་ཕོག་པའི་མི་སྣ་ཚོའི་ཐོག་ཐུགས་གསོས་གནང་བ་སྦྲགས་ས་ཡོམ་བྱུང་སའི་ས་ཁུལ་ནང་མྱུར་སྐྱོབས་ངལ་སེལ་གྱི་ལས་དོན་ལ་གཟིགས་སྐོར་གནང་ཡོད་པ་རེད་

ས་ཡོམ་བྱུང་ཡུལ་གཙོ་བོ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་ལུང་དགུ་རྫོང་དུ་འཁེལ་ཡོད་པ་དང་ དེ་མིན་བཀྲིས་གླིང་རྫོང་དང་ ཟུང་ཆུ་རྫོང་མའོ་ཡོན་རྫོང་སོགས་གཙོ་གྱུར་བྱས་པའི་བོད་མི་གནས་ཡུལ་མང་པོར་ཡང་རིམ་པ་མི་འདྲ་བའི་ས་ཡོམ་བྱུང་སྟེ་འགྲིམས་འགྲུལ་ཆད་ནས་ད་ཆ་དངོས་ཡོད་གནས་སྟངས་ཇི་ཆགས་ཤེས་རྟོགས་ཧ་ཅང་ཁག་པར་གནས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎