དབྱིན་ཇིའི་གྲོས་ཚོགས་ནས་བོད་ཐོག་ཉན་ཞིབ་གནང་བར་རྒྱ་ནག་ནས་སྐྱོན་བརྗོད།

དབྱིན་ཇིའི་གྲོས་ཚོགས་ནས་བོད་དོན་ཐོག་ཉན་ཞིབ་གནང་བའི་གནད་དོན་ལ་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་འདུག།

2008.05.29

༄༅༎དབྱིན་ཇིའི་གྲོས་ཚོགས་ནས་བོད་དོན་ཐོག་ཉན་ཞིབ་གནང་བའི་གནད་དོན་ལ་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་འདུག།

རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་ཆུང་ནས་སྤྱི་བསྒྲགས་སྤེལ་བའི་ནང་། ད་ལྟའི་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་ནས་ མི་རྒྱུ་གཉིས་ལ་དོ་ཕོག་ཧ་ཅང་ཤུགས་ཆེ་ཐེབས་ནས་ཡིད་སྐྱོའི་གནས་སྟངས་འདི་འདྲའི་འོག་ དབྱིན་ཇིའི་གཞུང་ནས་ཏཱ་ལའི་ཁུལ་དེར་མགྲོན་འབོད་མཐའ་ཅིག་ཏུ་བྱས་པས་མ་ཟད་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་གནང་ནས་ ཏཱ་ལའི་ངོས་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུའི་གཏམ་བཤད་སྤེལ་བཅུག་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་ཡིན་པར་བརྟེན་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བཀོད་ཡོད་པ་རེད། ཡང་གོང་ཞུས་སྤྱི་བསྒྲགས་དེའི་ནང་མུ་མཐུད་ནས། བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་བོད་ཀྱི་གནད་དོན་ཡང་རྒྱ་ནག་གི་ནང་གི་དཀའ་རྙོག་ཅིག་རེད་ལ་དེར་རྒྱལ་སྤྱིའི་ངོས་ནས་ཀྱང་ངོས་ལེན་བྱེད་ཀྱི་ཡོད་རེད། ལྷག་པར་དུ་བོད་ནང་གི་དཀའ་རྙོག་དེ་མི་རིགས་དང་། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་མ་རེད། དེ་ནི་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་རེད་ལ་དེས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་། བདག་དབང་གི་གནད་དོན་ཞིག་ལ་ཐུག་གི་ཡོད་རེད་ཅེས་༸གོང་ས་མཆོག་གིས། བཙན་བྱོལ་ནང་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་གི་མཚན་ཐོག་ནས་རྒྱ་ནག་རྒྱལ་ཁབ་འདི་བཞིན་ཁ་བྲལ་གཏོང་ཐབས་བྱས་ནས་སླར་ཡང་བོད་ནང་བྲན་གཡོག་ལམ་ལུགས་སྐྱོང་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་རེད་ལ་བོད་མི་མང་གི་སྐུ་ཚབ་ཀྱང་མཚོན་གྱི་ཡོད་མ་རེད་ཅེས་བཀོད་ནས་གང་ལྟར་དབྱིན་ཇིའི་གྲོས་ཚོགས་ནས་༸གོང་ས་མཆོག་ལ་སྣེ་ལེན་ཞུས་ཏེ་གསུངས་བཤད་གནང་རྒྱུའི་གོ་སྐབས་ཕུལ་བ་དེར་རྒྱ་ནག་གཞུང་དམངས་གཉིས་ཀས་ངོ་རྒོལ་ཡོད་ལ་དེས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་ལུགས་ཀྱང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎