རྒྱ་ནག་གིས་མཁའ་དབྱིངས་དུག་རླངས་ཉུང་དུ་གཏང་རྒྱུ།
2009.11.26
༄༅༎རྒྱ་ནག་གཞུང་གིས་༢༠༢༠ནང་ཚུད་རྒྱ་ནག་ནང་མཁའ་དབྱིངས་ཐོག་རྗས་འགྱུར་གྱི་དུག་རླང་ཉུང་དུ་གཏོང་རྒྱུའི་ཚད་གཞི་གཏན་འབེབས་ཀྱི་གསལ་བསྒྲགས་བྱས་ཡོད་པ་རེད་༎
དེ་ཡང་ཟླ་བ་རྗེས་མ་ཌེན་མཀ་ཀྱི་གྲོང་ཁྱེར་ཀོ་པེན་ཧ་གེན་རུ་ས་གོ་ལའི་གནས་གཤིས་འགྱུར་ལྡོག་ལ་གདོང་ལེན་སྤྲོད་ཕྱོགས་དང་འབྲེལ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་ལྷན་ཚོགས་གནང་རྒྱུ་ཡིན་ཞིང་ལྷན་ཚོགས་འདིའི་ཐོག་ཀི་ཡོ་ཊོ་པོརོ་ཀྲོ་ཁོལ་ཞེས་པའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབས་ཀྱི་གྲོས་མཐུན་ལ་སྐྱར་ཞིབ་གནང་རྒྱུ་མ་ཟད་མཁའ་དབྱིངས་ཐོག་རྗས་འགྱུར་དང་དུག་རླང་ཉུང་དུ་གཏོང་རྒྱུའི་ཚད་གཞི་གཏན་འབེབས་ཀྱི་གྲོས་མཐུན་གསར་པ་མཇོག་ཐབས་གནང་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་ཐོག་མཁའ་དབྱིངས་ཐོག་དུག་རླང་དང་རྗས་འགྱུར་གྱི་འབྱུང་རྐྱེན་མང་ཤོས་དེ་རྒྱ་ནག་ནང་རྡོ་སྲོལ་དང་སྲོལ་རླང་རྡོ་སྣུམ་སོགས་ལ་བརྟེན་པས་བཟོ་ལས་དང་འཛུགས་བསྐྲུན་གྱི་ལས་འདྲ་ཁག་ནས་ཡིན་པ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་སྤྲོད་ཕྱིར་རྒྱ་ནག་ནང་དུག་རླང་གི་ཚད་གཞི་ཉུང་དུ་གཏོང་གལ་ཆེ་བའི་སྐོར་ལོ་མང་ནས་སྐུལ་འདེད་བྱེད་བཞིན་ཡོད་པ་རེད། ད་རེས་རྒྱ་ནག་གཞུང་གིས་རིང་མིན་ཀོ་པེན་ཧ་གེན་དུ་སྐོང་ཚོགས་གནང་རྒྱུའི་འཁོར་ཡུག་གི་ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཆེད་ཕེབས་གནང་རྒྱུའི་གསལ་བསྒྲག་གནང་པ་དང་ཆབས་ཅིག་ ༢༠༢༠ནང་ཚུད་རྒྱ་ནག་ནས་མཁའ་དབྱིངས་ཐོག་རྗས་འགྱུར་དང་དུག་རླང་གི་ཚད་གཞི་དེ་རྒྱ་ཆ་༤༠ནས་༤༥བར་ཉུང་དུ་གཏོང་རྒྱུའི་ལས་འཆར་གསལ་བསྒྲགས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་བརྗོད་དོན་དུ་འདི་ལྟ་བུའི་དུག་རླང་གི་ཚད་གཞི་ཉུང་དུ་གཏོང་རྒྱུའི་ཐག་གཅོད་དེ་ས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོངས་ལེན་དང་འཛམ་གླིང་སྤྱི་ལ་ཕན་སེམས་ཀྱི་སྐུན་སློང་འོག་རྒྱ་ནག་ཐོག་ནས་མ་སྐུལ་དང་ལང་གི་ལས་དོན་ཡིན་སྐོར་འགྲེལ་བརྗོད་བྱས་འདུག༎