རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཕྱིའི་གསར་འགོད་པར་ཁ་རྡུང་བཏང་བ།


2016.06.02
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yi་ཁེ་ན་ཊར། ༢༠༡༦།༦།༢ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yi་ཁེ་ན་ཊར། ༢༠༡༦།༦།༢
CCTV

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཁེ་ན་ཊའི་གསར་འགོད་པ་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱས་པར་ཁ་རྡུང་བཏང་ཡོད་པ།
དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yi་ཁེ་ན་ཊའི་རྒྱལ་ས་ཨོ་དྲ་ཝའི་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་ཏེ། འདི་ཚེས༢ཉིན་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་བའི་རྗེས་སུ་ཟུང་སྦྲེལ་གསར་འགོད་ལྷན་ཚོགས་སྐབས་སུ། ཁེ་ན་ཊའི་གསར་འགོད་པ་ཞིག་གིས། ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་Stephen Dion་མཆོག་ལ་མཇལ་འཕྲད་སྐབས་སུ་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་ཐོག་ཡར་རྒྱས་གཏོང་དགོས་པའི་གནོན་ཤུགས་སྤྲད་གནང་ཡོད་མེད་དང་། དེ་བཞིན་རྒྱ་ནག་གིས་ཁེ་ན་ཊའི་མི་སེར་ཞིག་དེ་སྔ་སོ་ཉུལ་བྱས་པའི་ཉེས་མིང་འོག་དོ་དམ་བྱས་པ་དེའི་གནད་དོན་སྐོར་གླེང་སློང་བྱུང་ཡོད་མེད་སོགས་བཅར་འདྲི་ཞུས་པའི་སྐབས། བཅར་འདྲི་ཞུ་ཡུལ་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་མཆོག་གིས་བཀའ་ལན་མ་གནང་བའི་གོང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོད་མེད་ཆ་ཚང་བ་ཤེས་རྟོག་ཡོད་མཁན་ཁྱེད་རང་མ་རེད། དེ་ནི་རྒྱ་ནག་གི་མང་ཚོགས་རེད། ཁྱེད་རང་དེའི་ཐོག་བྱུས་གཏོགས་ཡོད་མ་རེད། ཁྱེད་རང་གི་དྲི་བ་གཏོང་སྟངས་དེ་ནི་ཕྱོགས་སུ་ལྷུང་བའི་འདོད་ཚུལ་དང་ང་རྒྱལ་གྱི་རྣམ་པ་ཞིག་རེད་འདུག། བྱ་སྤྱོད་འདི་རིགས་ལ་ངོས་ལེན་རྩ་བ་ནས་མེད། འགན་མེད་པའི་དྲི་བ་འདི་འདྲ་རྗེས་སུ་རྩ་བ་ནས་གཏོང་མི་དགོས་ཞེས་གསར་འགོད་པ་དེར་ཁ་བརྡུང་བཏང་ཡོད་པ་ཁེ་ན་ཊའི་བརྙན་འཕྲིན་གྱི་དྲ་ལམ་བརྒྱུད་བཏོན་ཡོད་འདུག
སྤྱིར་བཏང་རྒྱ་ནག་གཞུང་ནས་རྒྱལ་ཁབ་གཞན་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐྱོན་བརྗོད་བྱས་པ་ཡིན་ན་དེར་འདོད་མོས་མེད་པའི་རྣམ་འགྱུར་བསྟན་གྱི་ཡོད་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བསྐོར་བསྐྱོད་སྐབས་འདི་ལྟབུའི་གསར་འགོད་ལྷན་ཚོགས་ཐོག་ཐད་ཀར་ཁ་རྡུང་གཏོང་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་ཀྱང་། ད་རེས་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་གཞན་གྱི་ཕྱི་སྲིད་བློན་ཆེན་ལྷན་དུ་ཡོད་བཞིན་དུ་ཡུལ་དེའི་གསར་འགོད་པར་ཁ་བརྡུང་བཏང་ཡོད་པ་རེད།   

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎