རྒྱ་ནག་ཏུ་ཕོ་མོའི་བསྡུར་ཚད་ཁྱད་པར་གྱི་དཀའ་ངལ།
2010.01.11
༄༅༎རྒྱ་ནག་ནང་མ་འོངས་ལོ་ངོ་བཅུ་ཙམ་ནང་ཚུད་ཕོ་མོའི་དབར་གྱི་མིའི་གྲངས་འབོར་ཁྱད་པར་ཤུགས་ཆེ་འགྲོ་རྒྱུ་ཡིན་ཞིང་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོར་རྒྱ་ནག་ནང་སྐྱེས་པ་ས་ཡ་ཉི་ཤུ་རྩ་བཞི་ཙམ་ཆང་ས་རྒྱབ་ཡུལ་སྐྱེས་དམན་མེད་པའི་གནས་སུ་གྱར་རྒྱུ་ཡིན་ལུགས་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱི་ཚེས་༩ཉིན་བཏོན་པའི་དེང་སྐབས་རྒྱ་ནག་སྤྱི་ཚོགས་ཀྱི་ཆགས་ཚུལ་ཞེས་པའི་དེབ་ཅིག་ཕྱིར་བཏོན་བྱས་པའི་ནང་འཁོད་ཡོད་པ་རེད་
རྒྱ་ནག་ནང་སྐྱེས་པ་དང་བེུད་དབར་གྱི་གྲངས་འབོར་ཧེ་བག་ཆེན་པོ་འགྲོ་བཞིན་པ་དེ་ཡང་ རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱ་ནག་ནང་འཆར་ལྡན་བུ་བཙའི་སྲིད་བྱུས་འཛིན་པའི་འོག་ ཕྲུ་གུ་བུས་མི་ཚང་འཛིན་དགོས་པ་དང་བོུ་ཕྱི་ལ་གཏོང་རྒྱུའི་རྒྱ་མིའི་སྲོལ་རྒྱུན་བསམ་བློ་རྙིང་པའི་འོག་ཕྲུ་གུ་མངལ་ལ་འཁོར་བའི་སྐབས་དེང་དུས་འཕྲུལ་ཆས་བརྒྱུད་ནས་ཕྲུ་གུ་བོུ་ཡིན་ཚེ་མངལ་ལས་བཏོན་མཁན་མང་པོ་ཡོད་པའི་རྐྱེན་གྱིས་བེུད་དང་སྐྱེས་པའི་དབར་གྱི་ཧེ་བག་ཆེན་པོ་དེ་བྱུང་བའི་གཙོ་བོའི་རྒྱུ་རྐྱེན་ཡིིན་པ་མཁས་དབང་ཚོས་གསུང་གི་ཡོད་པ་རེད་ སྤྱིར་རྒྱུན་ལྡན་གྱི་གནས་སྟངས་འོག་ཕྲུ་གུ་སྐྱེ་ཡས་ཕོ་མོའི་གྲངས་འབོར་དེ་བཞིན་རྩ་བའི་ཆ་ནས་༡༠༣དང་༡༠༧བར་གནས་དགོས་ཀྱི་ཡོད་ཅིང་ ཕྲུ་གུ་བོུ་༡༠༠སྐྱེས་པའི་སྐབས་དེ་དང་འདྲ་བར་ཕྲུ་གུ་བུ་༡༠༣ནས་༡༠༧བར་སྐྱེས་དགོས་ཀྱི་ཡོད་ཅིང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གིས་བཏོན་པའི་དེང་སྐབས་རྒྱ་ནག་སྤྱི་ཚོགས་ཀྱི་ཚགས་ཚུལ་ཞེས་པའི་དེབ་དེའི་ནང་འཁོད་པར་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ནང་ རྒྱ་ནག་གི་ཕོ་མོའི་མི་འབོར་གྱི་གྲངས་ཚད་རྩ་བའི་ཆ་ནས་ཆ་སྙོམས་ཡོད་པ་དང་དེ་རྗེས་ཁྱད་པར་ཇེ་ཆེར་ཕྱིན་ཡོད་ཅིང་དེང་སྐབས་རྒྱ་ནག་ནང་ཕྲུ་གུ་བོུ་བརྒྱ་སྐྱེས་པའི་སྐབས་དེ་དང་འདྲ་ཚང་ཕྲུ་གུ་བུ་༡༡༩ཙམ་སྐྱེས་ཀྱི་ཡོད་པ་དང་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ལྦང་གུང་ཀྲའོ་ཡིས་གོ་ལོ་སྦལ་དུས་དེབ་ཚགས་ཤོག་ཐོག་བརྗོད་དོན་ལྟར་ན་གནས་སྟངས་དེ་འདྲའི་འོག་དབུལ་པོའི་ས་ཁུལ་གྱི་སྐྱེས་པ་ཚོ་མི་ཚེ་གཅིག་པུར་བསྐྱེལ་དགོས་རྒྱུའི་གནས་སྟངས་ཆགས་རྒྱུ་ཡིན་པ་གསུང་བཞག