རྒྱ་ནག་གི་ཐའེ་ལྦན་ལས་དོན་འགན་འཛིན་ལ་ངོ་རྒོལ།

རྒྱ་ནག་གི་ཐའེ་ལྦན་ལས་དོན་འགན་འཛིན་གྱིས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་དབར་མཉམ་འབྲེལ་གོང་འཕེལ་གཏོང་རྒྱུའི་སྐུལ་མ།

2010.12.20

༄༅༎དེ་རིང་རྒྱ་ནག་གི་ཐའེ་ལྦན་ལས་དོན་འགན་འཛིན་ཁྲེན་ཡུན་ལིན་གྱིས་འདས་པའི་ལོ་གཉིས་རིང་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་མཐུན་གྲོས་ཁག་མང་པོ་བཞག་ཡོད་པའི་ཐོག་ད་དུང་ཕྱོགས་གཉིས་དབར་མཉམ་འབྲེལ་གོང་འཕེལ་གཏོང་རྒྱུའི་སྐུལ་མ་གནང་བཞག།

ཐའེ་ལྦན་མཚོ་འགག་གི་ཕྱོགས་གཡས་གཡོན་དབར་གྱི་འབྲེལ་བའི་ལས་དོན་མཐུན་ཚོགས་ཀྱི་འགན་འཛིན་ཁྲེན་ཡུན་ལིན་གྲོས་མོལ་ཐེངས་དྲུག་པ་དེ་གནང་བར་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ཕྱོགས་སུ་ཐོན་སྐྱོད་གནང་ཡོད་ཅིང༌། ཐའེ་པེ་མགྲོན་ཁང་དུ་ཁོང་ལ་སྣེ་ལེན་གྱི་མཛད་སྒོ་ཞིག་ཚུགས་ཡོད་པའི་སར། ཁྲེན་ཡིས་ཕྱོགས་གཉིས་དབར་དེ་སྔོན་གྲོས་མོལ་རིམ་པ་གནང་བའི་བརྒྱུད་ཕན་ཚུན་གཉིས་དབར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་གྲུབ་འབྲས་བཟང་པོ་ཐོན་ཡོད་པར་བསྔགས་བརྗོད་གནང་སྟེ། ཐའེ་ལྦན་མཚོ་འགག་ནང་དེ་སྔོན་རྒྱ་མཚོ་འཁྲུག་པའི་རྦ་རླབས་ཆེན་པོ་ཡོད་ནའང༌། ད་ཆ་ཕྱོགས་གཉིས་ཀྱི་མི་དམངས་དབར་འབྲེལ་ལམ་གྱི་ཟམ་པ་ཆེན་པོ་ཞིག་ལ་བསྒྱུར་ཡོག་རེད་ཅེས་ཁྲེན་གྱིས་གསུངས་འདུག

ཐའེ་ལྦན་ནང་ཁྲེན་ཡུན་ལིན་འབྱོར་བའི་ཉིན་དང་པོ་དེར་རྒྱ་ནག་འོག་ནས་ཐའེ་ལྦན་རང་བཙན་རྩོད་ལེན་བྱེད་མཁན་ཚོགས་སྡེ་ཁག་གིས་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱས་ཡོད་པ་དང༌། ཁོང་ཁུལ་དེར་ཡོད་པའི་རིང་ཆ་ཚང་ངོ་རྒོལ་མུ་མཐུད་བྱ་རྒྱུའི་དམ་བཅའ་བཞག་ཡོད་པ་རེད། ཁྲེན་གནས་སྡོད་བྱེད་སའི་མགྲོན་ཁང་མདུན་འདུས་པའི་ངོ་རྒོལ་བྱེད་མཁན་མི་མང་ཚོས་རྒྱ་ནག་སྐམ་ས་ཆེན་མོ་དང་ཉེ་པོ་བྱེད་མཁན་གོང་མིང་ཏང་ཚོགས་པའི་སྲིད་འཛིན་མ་ཡིང་ཇུ་ཡིས་སྣེ་ཁྲིད་པའི་ཐའེ་ལྦན་ཕྱོགས་ཀྱི་གྲོས་མོལ་བྱེད་མཁན་དང་རྒྱ་ནག་གི་ཁྲེན་ཡུན་ལིན་དབར་ལྷན་ཚོགས་བྱ་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཅིང༌། ངོ་རྒོལ་བྱེད་མཁན་ཅིག་གིས་ཐའེ་ལྦན་དང་རྒྱ་ནག་གཉིས་ཁག་སོ་སོ་རང་བཙན་རྒྱལ་ཁབ་ཡིན་པའི་སྐད་འབོད་རྒྱབ་པ་དང༌། ངོ་རྒོལ་སྣེ་འཁྲིད་བྱེད་མཁན་ཚའེ་ཀྲིང་ཀུའེ་ཡིས་ མ་ཡིང་ཇུས་ཐའེ་ལྦན་གྱི་ཁེ་ཕན་རྒྱ་ནག་ལ་ཚོང་རྒྱུའི་འདོད་པ་ཡོད་སྟབས། རྒྱ་ནག་མཉམ་དུ་གྲོས་མཐུན་ག་རེ་བྱུང་བ་ཡིན་ནའི་དེར་ང་ཚོ་མི་མང་གིས་མོས་མཐུན་རྒྱབ་སྐྱོར་མེད་ཅེས་བརྗོད་བཞག

རྒྱ་ནག་ཕྱོགས་ཀྱི་ཐའེ་ལྦན་ལས་དོན་འགན་འཛིན་ཁྲེན་ཡིས་སང་ཉིན་ཐའེ་ལྦན་གྱི་འབྲེལ་ཡོད་མི་སྣང་དང་གྲོས་མོལ་བྱ་རྒྱུ་ཡིན་པ་ལྟར། ཕྱོགས་གཉིས་དབར་ནད་ཡམས་སྔོན་འགོག་དང་འབྲེལ་བའི་སྨན་བཅོས་དང་རྩ་སྨན་ཡར་རྒྱས་གཏོང་རྒྱུའི་ལས་འཆར་སྐོར་གྲོས་མོལ་བྱ་རྒྱུ་ཡིན་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎