རྒྱ་ནག་གྲོང་གསེབ་དཔོན་རིགས་ཕྱིར་འབུད་ཆོག་པའི་སྒྲིག་གཞི།

རྒྱ་ནག་གྲོང་གསེབ་ས་ཁུལ་གྱི་ས་གནས་དཔོན་རིགས་མི་དམངས་ཀྱིས་ཕྱིར་འབུད་གཏོང་ཆོག་པའི་སྒྲིག་སྲོལ་གྱི་ཟིན་བྲིས་གསར་པའི་སྐོར།

2009.12.27

༄༅༎རྒྱ་ནག་གཞུང་གིས་གྲོང་གསེབ་ས་ཁུལ་གྱི་ས་གནས་དཔོན་རིགས་གང་ཞིག་ལས་དོན་ཚགས་ཚུད་མ་བྱེད་མཁན་རིགས་མི་དམངས་ཀྱིས་ཕྱིར་འབུད་གཏོང་ཆོག་པའི་སྒྲིག་སྲོལ་གྱི་ཟིན་བྲིས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་རེད།

རྒྱ་ནག་གི་གྲོང་གསེབ་ས་ཁུལ་གྱི་ས་གནས་དཔོན་རིགས་ཀྱི་འགན་འཁུར་དང་ལས་དོན་ཚགས་ཚུད་ཡོང་ཐབས་སུ་དམིགས་ཏེ་ཕྱི་ལོ་༡༩༨༩ ནང་རྒྱ་ནག་གི་གྲོང་གསེབ་ས་ཁུལ་ཁྱོན་ཡོངས་སུ་ས་གནས་ཀྱི་དཔོན་རིགས་འོས་བསྡུའི་ལས་དོན་ལག་བསྟར་བྱེད་འགོ་བཙུགས་ཏེ། བཅོས་བསྒྱུར་གྱི་བསམ་བློ་ཡོད་མཁན་གྱི་རྒྱ་མི་རིགས་ཁག་ཅིག་གིས་གྲོང་སྡེ་དང་གྲོང་མཚོའི་ས་གནས་དཔོན་རིགས་འོས་འདེམས་ལས་འགུལ་དེ་ཡིས་དམངས་གཙོའི་འགྲོ་ལུགས་སྒོ་མོ་ཕྱེ་རྒྱུའི་རེ་བ་ཆེན་པོ་བྱས་ཡོད་ཀྱང་འོས་བསྡུའི་ལམ་སྲོལ་མང་ཆེ་བ་ལག་བསྟར་བྱེད་མ་ཐུབ་པར་འགོག་རྐྱེན་དུ་གནས་བཞིན་ཡོད་པ་རེད། ད་རེས་གསར་དུ་གཏན་འབེབས་བྱས་པའི་གྲོང་གསེབ་ས་ཁུལ་གྱི་ས་གནས་དཔོན་རིགས་འོས་འདེམས་ཀྱི་སྒྲིག་སྲོལ་དེའི་ནང་དུ་ས་གནས་དཔོན་རིགས་གང་ཞིག་གིས་མི་དམངས་ལ་ཁས་ལེན་ཇི་ལྟར་བྱས་པ་ལག་བསྟར་མ་བྱས་པ་ཡིན་ཚེ། མི་དམངས་ཀྱི་ནག་ཉེས་སྐྱོན་འཛུགས་བྱེད་ཆོག་པ་མ་ཟད། འོས་བསྡུའི་ཐོབ་ཐང་ཡོད་མཁན་གྲོང་གསེབ་མི་དམངས་ལྔ་ཆ་གཅིག་གམ་ཡང་ན་ས་གནས་གྲོང་གསེབ་ས་ཁུལ་གྱི་མི་དམངས་འཐུས་མིའི་གསུམ་ཆ་གཅིག་གིས་རྒྱབ་སྐྱོར་བྱུང་ན། ས་གནས་དཔོན་རིགས་ནས་ཕྱིར་འབུད་གཏོང་ཆོག་པའི་དབང་ཚད་ཡོད་པའི་སྐོར་དང། ད་དུང་འོས་བསྡུའི་ལས་དོན་དེ་དག་ཕྱི་གསལ་ནང་གསལ་དགོས་པའི་སྐོར་སོགས་བཀོད་ཡོད་པ་རེད། ད་ལྟར་བར་དུ་གྲོང་གསེབ་ས་ཁུལ་གྱི་གཞི་རིམ་གྱི་དཔོན་རིགས་མི་དམངས་ཀྱིས་འོས་འདེམས་བྱེད་པ་ཚོས་འོས་བསྡུའི་ལམ་སྲོལ་ལག་བསྟར་མ་བྱས་པ་མ་ཟད། འོས་བསྡུའི་ཐོག་ནས་ཐེངས་གཅིག་གོ་གནས་ཐོབ་པ་ཡིན་ཚེ་མུ་མཐུད་ནས་གོ་གནས་འཛིན་རྒྱུའི་འབད་བརྩོན་བྱས་ཏེ། ཁྲིམས་འགལ་གྱི་བྱ་སྤྱོད་དཔེན་ན། དཔ་འབྱོར་གྱིས་འོས་ཤོག་ཉོ་བ་དང། གསར་ཤོག་ཐོག་ལ་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་པའི་རྐྱེན་གྱིས་མི་དམངས་ཀྱི་ས་གནས་དཔོན་རིགས་འོས་འདེམས་བྱེད་པའི་ལམ་སྲོལ་དེར་བཅོས་བསྒྱུར་གྱི་བསམ་བློ་ཡོད་མཁན་རྒྱ་མི་རིགས་ཚོའི་རེ་བ་བྱས་པ་ཇི་བཞིན་ཡོང་གི་མེད་པར་བློ་ཕམ་གྱི་གཞིར་གྱུར་ཡོད་པ་རེད། ད་རེས་ཀྱི་སྒྲིག་སྲོལ་གསར་པ་དེ་ནི། གྲོང་གསེབ་ས་ཁུལ་གྱི་ས་གནས་གཞི་རིམ་གྱི་དཔོན་རིགས་འོས་འདེམས་བྱ་ཕྱོགས་དང་གོ་གནས་ནས་ཕྱིར་འབུད་བྱ་ཆོག་པ་ཞིག་ཡིན་པ་ལས་དེ་མིན་གྱི་ས་གནས་རིམ་པའི་དཔོན་རིགས་དང་དེ་ལས་རིམ་པ་མཐོ་བའི་དཔོན་རིགས་ཀྱི་གོ་གནས་ལ་བསྒྱུར་བ་གཏོང་ཕྱོགས་ཀྱི་དབང་ཆ་ཆ་ཚང་བ་རྒྱ་ནག་གུང་ཁྲན་ཏང་གི་ལག་ཏུ་མུ་མཐུད་བརྟན་པོར་འཛིན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎