ཕེརནསིའི་དགོས་འདུན་ལ་རྒྱ་ནག་གིས་ངོ་རྒོལ།

རྒྱ་གཞུང་གིས་ཕེརན་སིའི་དགོས་འདུན་བཏོན་པ་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་ལུགས་བརྗོད་ནས་ངོ་རྒོལ་བྱས་འདུག

2012.06.05

༄༅༎ཕེརནསི་གཞུང་གིས་རྒྱ་ནག་ལ་་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་གྱི་དྲག་གནོན་རྗེས་འཇུ་བཟུང་བྱས་པའི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་དགོས་པའི་དགོས་འདུན་བཏོན་པར་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་ལུགས་བརྗོད་ནས་་དགོས་འདུན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་འདུག།

དེའི་གོང་ཨ་མི་རི་ཀའི་གཞུང་གིས་ཀྱང་དགོས་འདུན་གཅིག་མཚུངས་ཤིག་བཏོན་ཡོད་ལ། ཕེརན་སིའི་དགོས་འདུན་དེ་གཟའ་ཟླ་བའི་ཉིན་བཏོན་ཡོད་པ་རེད།

ལོ་ངོ་ ༢༣ གོང་སློབ་ཕྲུག་གིས་འགོ་འཁྲིད་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་གཟའ་འཁོར་དྲུག་རིང་མང་གཙོའི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བ་དང༌། དེ་རྗེས་ཏེང་ཤའོ་ཕིང་གིས་རྒྱ་མིའི་དམག་དཔུང་བཏང་སྟེ་ངོ་རྒོལ་གྱི་ལས་འགུལ་ཞོལ་འཇགས་བཏང་ཞིང༌། སྐབས་དེར་མི་བརྒྱ་ཕྲག་མང་པོ་དམར་བསད་བཏང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ལ། དེ་མིན་གྱི་མི་མང་པོ་ཞིག་འཛིན་བཟུང་བཙོན་བཅུག་བྱས་པའི་ཁོངས་ནས་ད་དུང་ཡང་རྒྱ་མིའི་བཙོན་ཁང་ནང་མི་མི་ཉུང་བ་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ལོ་ངོ་ ༢༣ སོང་བའི་རྗེས་རྒྱ་ནག་གཞུང་གིས་ད་དུང་ཡང་ངོ་རྒོལ་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་མི་ཚོ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་སྒེར་ལངས་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གཟའ་ཟླ་བའི་ཉིན་ཕེརན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྦར་ནའདྲ་ལྦ་ལེ་རོས་ ཕེརན་སིའི་ངོས་ནས་རྒྱ་ནག་ནང་གི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་བ་་་མཐོང་འདོད་ཡོད་ཅེས་དང༌། ང་ཚོའི་ངོས་ནས་ཕྷརནསི་ནི་རྒྱ་ནག་དང་དེ་མིན་འཛམ་གླིང་གི་ས་ཁུལ་ཚང་མའི་ནང་རྣམ་འགྱུར་དང་སྨྲ་བརྗོད་རང་དབང་ལ་སོགས་པ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ལ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་འགོ་འཁྲིད་ཚོ་དང་འབྲེལ་མཐུད་བྱེད་་སྐབས་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་་སྐབས་འཇུ་བཟུང་བྱས་པའི་བཙོན་པ་ཚོའི་གནད་དོན་ཐད་ཞུ་གཏུགས་བྱས་ཡོད་པ་མ་ཟད། ཁོང་ཚོ་མགྱོགས་ནས་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་ལྟར། རྒྱ་ནག་གི་ངོས་ནས་དེ་ལྟར་བྱས་ཚེ་མཚོན་དོན་བཟང་པོ་ཞིག་ཆགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཁ་སང་གཟའ་ཟླ་བ་སྟེ་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་དེ་བྱུང་སྟེ་ལོ་ངོ་ ༢༣ འཁོར་བའི་དུས་དྲན་གྱི་ཉིན་མོར་ རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་གཞུང་དང་ལྟ་བ་མི་མཐུན་མཁན་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བརྒྱ་ཕྲག་མང་པོའི་ཐོག་དོ་དམ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎