རྒྱ་ནག་གིས་སྐྱེ་རྒུ་མདོར་སྨོན་ལམ་གསོག་སྒྲུབ་བཀག་འགོག།
2011.04.16
༄༅༎སྔ་ལོ་བོད་ཀྱི་དགའ་སྐྱེ་རྒུ་མདོའི་ནང་ས་ཡོམ་གྱི་རྐྱེན་ངན་བྱུང་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན། ཡིད་སྐྱོའི་དུས་ཚིགས་དེ་སྲུང་བརྩི་དང་སྦྲགས་ སྐབས་དེར་ཚེ་སྲོག་བཤོར་བའི་འདས་པོ་རྣམས་ཀྱི་ཆེད་ སྐྱེ་རྒུ་མདོའི་ཁུལ་དུ་ཡོད་པའི་ས་གནས་མང་ཚོགས་དང༌། དགོན་སྡེ་ཁག་ནས་སྨོན་ལམ་གསོག་སྒྲུབ་ཀྱི་ལས་དོན་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུར་ཆོག་མཆན་ཞུས་པར། ས་གནས་རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་འདི་བྱ་འདི་བྱེད་ཀྱི་འགྲིག་སྲོལ་མང་དག་བཟོས་པར་བརྟེན། སྨོལ་ལམ་གསོག་སྒྲུབ་ཀྱི་ལས་དོན་དེ་སྤེལ་ཐུབ་མེད་པའི་སྐོར་ བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་ འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་སུ་གསུངས་འདུག
ཡང་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་དེ་ཡིས། ས་ཡོམ་གྱི་གོད་ཆགས་བྱུང་བའི་དྲན་གསོའི་ཉིན་མོར་ རྒྱ་ནག་གི་འགོ་འཁྲིད་མང་པོ་སྐྱེ་རྒུ་མདོར་འབྱོར་ཡོད་པ་དང་།སྐབས་དེར་བོད་མི་ཚོས་བདེ་སྡུག་གི་སྙན་ཞུ་འབུལ་ཐབས་བྱེད་སྐབས། བཀག་འགོག་བྱས་ཡོད་པ་རེད༎