རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་ཁག་ཅིག་འཛིན་བཟུང་བྱས་པ།

པེ་ཅིང་གི་ཉེན་རྟོག་པས་ཡེ་ཤུའི་ཆོས་དད་པ་ཁག་ཅིག་ཆོས་ཁང་གི་ཕྱི་ལོག་ཏུ་སྨོན་ལམ་འདོན་རྒྱུའི་གོ་སྒྲིག་བྱེད་པའི་སྐབས་འཛིན་བཟུང་བྱས་པ།

2011.04.10

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་པེ་ཅིང་གི་ཉེན་རྟོག་པས་ཡེ་ཤུའི་ཆོས་དད་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་ཚོའི་ཆོས་ཁང་དེ་ནི་རྒྱ་ནག་གཞུང་གིས་ངོས་ལེན་མེད་པ་དང་ཆོག་ཆན་མེད་པ་ཞིག་ཡིན་པར་བརྟེན་ཁོང་ཚོས་ཆོས་ཁང་གི་ཕྱི་ལོག་ཏུ་སྨོན་ལམ་འདོན་རྒྱུའི་གོ་སྒྲིག་བྱེད་པའི་སྐབས་འཛིན་བཟུང་བྱས་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀར་ཡོད་པའི་ཡེ་ཤུའི་ཆོས་ལུགས་ཐོབ་ཐང་ཚོགས་པས་དོན་རྐྱེན་དེ་དངོས་སུ་མཐོང་མཁན་གྱི་འགྲེལ་བརྗོད་བྱས་པའི་གནས་ཚུལ་ལུང་འདྲེན་བྱས་ཏེ་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཆོས་དད་པ་རྣམས་པེ་ཅིང་གི་ལྷོ་ཕྱོགས་ཧའེ་ཏན་རྫོང་གི་ཕྱོགས་སུ་སྒུག་སྡོད་བྱེད་པའི་ཉེན་རྟོག་པའི་མོ་ཊའི་ནང་བླུགས་ཏེ་ཁྲིད་ཕྱིན་པ་དང༌། ཉེན་རྟོག་པས་འཛིན་བཟུང་བྱས་པ་མི་གྲངས་༡༠༠ལྷག་བྱུང་ཡོད་པ་གསུང་ཡོད་ཀྱང་གསར་ཤོག་ཐོག་ལ་མི་བཅུ་གྲངས་ཤིག་བཀག་ཉར་དོ་དམ་བྱས་པའི་གནས་ཚུལ་བཀོད་ཡོད་པ་རེད། ཨ་རིའི་ནེའུ་ཡོག་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང༌། ཁོང་ཚོ་གསར་འགྱུར་ལས་ཁང་གི་པར་རྒྱབ་མཁན་ལས་བྱེད་པ་ཞིག་མཉམ་དུ་འཛིན་བཟུང་བྱས་ཡོད་ཀྱང་རྗེས་སུ་གློད་བགྲོལ་བཏང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎