ཡུ་གུར་བའི་ཤེས་ལྡན་མི་སྣ་ཏཤ་པོ་ལཊ་ ཋི་ཡིཔ་ལ་སྲོག་ཁྲིམས་བཅད་མེད་སྐོར་བཤད་པ།


2019.12.27
ཡུ་གུར་བའི་ཤེས་ལྡན་མི་སྣ་ཏཤ་པོ་ལཊ་ ཋི་ཡིཔ་ལ་སྲོག་ཁྲིམས་བཅད་མེད་སྐོར་བཤད་པ། གལ་ཏེ་རྒྱ་ནག་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་གཏུགས་གོ་སྐབས་མ་སྤྲད་པར་སྲོག་ཁྲིམས་བཅད་ཡོད་ཚེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་འཛོལ་ཆེན་པོ་ཞིག་ཡིན་པའི་ཉེན་བརྡ་བཏང་བ།
Photo: RFA

རྒྱ་ནག་གཞུང་གིས་ཡུ་གུར་བའི་ཤེས་ལྡན་མི་སྣ་ Tashpolat Tiyip ལ་སྲོག་ཁྲིམས་བཅད་མེད་ལུགས་རྒྱལ་ཚོགས་ཀྱིས་ཉེན་བརྡར་ལན་འདེབས་བྱས་ཡོད་པ་རེད། དེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་གིས་བསྐོ་བཞག་གནང་བའི་རང་དབང་ཅན་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་སློབ་སྟོན་པ་ཚོས་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་འོག་ཡོད་པའི་ཡུ་གུར་བའི་ཤེས་ལྡན་མི་སྣ་ Tashpolat Tiyip ལ་གསང་བའི་ཐོག་ཁྲིམས་བཤེར་བྱས་ནས་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་པར་བློ་ཚབས་ཡོད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་གཏུགས་གོ་སྐབས་མ་སྤྲད་པར་སྲོག་ཁྲིམས་བཅད་ཡོད་ཚེ། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་འཛོལ་ཆེན་པོ་ཞིག་ཡིན་པའི་ཉེན་བརྡ་བཏང་བའི་རྗེས། རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཁོང་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་མེད་ལུགས་ལན་འདེབས་བྱས་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Gengshuang ཡིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་ཤིན་ཅང་སློབ་གྲ་ཆེན་མོའི་སློབ་སྤྱི་ཟུར་པ་ཡུ་གུར་བའི་ཤེས་ལྡན་མི་སྣ་ Tashpolat Tiyip ལ་ལྐོག་ཟ་རུལ་སུངས་བྱས་པའི་དོགས་གཞི་འོག་ཁྲིམས་བཤེར་བྱེད་བཞིན་པའི་སྒང་ཡིན་པ་དང་། ཁོང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཐོབ་ཀྱི་ཡོད་ལུགས་བརྗོད་འདུག Tashpolat Tiyip ནི། རྒྱ་ནག་གཞུང་གིས་བོད་ལྟར་བཙན་བཟུང་བྱས་པའི་ ཤིན་ཅང་མངའ་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་ཟུར་པ་ཞིག་ཡིན་པ་དང་། ཁོང་སྤྱི་ལོ་ ༢༠༡༧ ལོར་སློབ་མ་ཁག་ཅིག་དང་མཉམ་ ཇར་མན་དུ་ཚོགས་འདུ་ཤིག་ལ་ཞུགས་ཆེད་ཕྱོགས་ཐོན་སྐབས་  གློ་བུར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། སྔ་ལོ་རྒྱ་ནག་གཞུང་གི་ཉེན་རྟོག་པས་སློབ་དཔོན་Tiyip དང་གཞན་ཤིན་ཅང་མངའ་ཁུལ་གྱི་ཤེས་ཡོན་ལྟ་རྟོགས་ཚན་པའི་ཚོགས་མི་ལྔ་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་སྤེལ་བའི་ཉེས་པར། དུས་འགྱངས་སྲོག་ཐོག་གི་ཉེས་ཆད་བཏང་བའི་གནས་ཙུལ་བརྙན་འཕྲིན་ནང་བསྟན་པའི་རྗེས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་རྒྱ་ནག་གི་དྲང་བདེན་མིན་པའི་ཐག་གཅོད་ལ་སྐྱོན་བརྗོད་དང་བཅས། ཁོང་སྲོག་ཁྲིམས་ལས་སྐྱོབ་ཐབས་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎