རྒྱ་ནག་གཞུང་གིས་ཡར་རླུང་གཙང་པོའི་ཐོག་ཆུ་མཛོད་རྒྱབ་རྒྱུ།

རྒྱ་ནག་གིས་ཡར་རླུང་གཙང་པོའི་ཐོག་ཆུ་མཛོད་རྒྱབ་རྒྱུའི་ཐག་གཅོད་དེར་རྒྱ་ནག་གཞུང་གིས་མུ་མཐུད་ནས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།

2010.11.18

༄༅༎རེས་གཟའ་ཕུར་བུའི་རྒྱུན་ལྡན་གྱི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ཡར་རླུང་གཙང་པོའི་ཐོག་ཆུ་མཛོད་རྒྱབ་རྒྱུའི་གནད་དོན་སྐོར་ལ་གསར་འགོད་པས་སྐད་ཆ་དྲིས་པའི་སྐབས་མགྲིན་ཚབ་པ་ཧོང་ལེ་ཡིས་རྒྱ་ནག་གཞུང་གིས་ཕྱིའི་རྒྱབ་ཁབ་ནང་རྒྱུགས་བཞིན་པའི་ཆུའི་ཐོན་ཁུངས་འཕེལ་རྒྱས་གཏོང་རྒྱུའི་ལས་གཞི་སྤེལ་བའི་སྐབས་ག་དུས་ཡིན་ནའང་འགན་ལེན་ཐུབ་པའི་རྣམ་འགྱུར་འཛིན་ནས་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་ཐབས་ལམ་གཉིས་ཟུང་འབྲེལ་བྱས་ནས་རྒྱུག་ཆུའི་གཤམ་འོག་གི་གནས་སྟངས་ལ་བསམ་ཞིབ་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་འདུག  

རྒྱ་ནག་གཞུང་གིས་གཟའ་འཁོར་སྔོན་མའི་གཟའ་པ་སངས་ནས་གོ་ཚུགས་ཏེ་བོད་ཀྱི་ཡར་རླུང་གཙང་པོའི་ཐོག་ཆུ་མཛོད་ལས་གཞི་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་དང་ དེའི་ནང་གློག་མི་འདེངས་བའི་དཀའ་ངལ་སེལ་ཐབས་སུ་གློག་ཤུགས་མེ་ག་ལྦཏ་༨༥ཙམ་ཡོད་པའི་ཆུ་ཤུགས་གློག་ཁང་ཡང་ཞིག་ཡང་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་ལས་གཞི་དེར་ཨ་སྒོར་ཐེར་འབུམ་གཅིག་དང་གྲངས་ཆུང་གཉིས་ཙམ་གནས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎