རྒྱ་ནག་གི་འགོ་ཁྲིད་ནས་སྤྱི་ཚོགས་ཀྱི་སྐྱོན་ནད་ལ་སྐྱོན་བརྗོད།
2008.10.28
༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་རྒྱ་ནག་སྤྱི་ཚོགས་ཀྱི་ལུས་སེམས་ཀྱི་འཕྲོད་བསྟེན་མེད་པ་བཟོ་མཁན་གྱི་སྤྱི་ཚོག་ས་ཀྱི་སྐྱོན་ནད་ཁག་ལ་སྐྱོན་བརྗོད་བྱས་པ་དང་འབྲེལ་བེུད་དང་བྱིས་པའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར་བརྗོད་ཡོད་འདུག
དེ་སྔོན་མའོ་ཙེ་ཏུང་གིས་གནམ་ཕྱེད་ཀ་བེུད་ཀྱིས་བཀྱག་ཡོད་པ་བརྗོད་སྟེ་རྒྱ་ནག་ནང་བེུད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ལུགས་ཀྱི་འབོད་ཚིག་དེ་ནི་རྙིང་པ་ཞིག་ཡིན་ན་ཡང་དོན་དངོས་རྒྱ་ནག་གི་བེུད་ཚོར་ཐོབ་ཐང་ཆུང་ངུ་ལས་མེད་པ་དང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ནང་བེུད་ཀྱི་འཐུས་མི་བརྒྱ་ཆ་ཉི་ཤུ་ལས་ཟིན་གྱི་མེད་ཅིང་རྒྱ་ནག་གུང་གྲན་ཏང་དབུས་ཀྱི་ནང་བེུད་བརྒྱ་ཆ་བརྒྱད་ཙམ་ལས་མེད་པ་རེད།
གཟའ་མིག་དམར་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཁང་གི་ཚོགས་མི་ཧེ་གོ་ཅིཡང་གིས་པེ་ཅིང་དུ་ཚུགས་བཞིན་པའི་རྒྱལ་ཡོངས་བེུད་ཀྱི་ལྷན་ཚོགས་ཐེངས་བཅུ་པའི་ཚོགས་འདུའི་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་སྤེལ་བའི་གཏམ་བཤད་ཅིག་ལུང་འདྲེན་བྱས་འདུག་པ་དེའི་ནང་བེུད་དང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁྲིམས་གཞི་ཡར་རྒྱས་གཏོང་དགོས་པ་དང་བེུད་ཀྱི་ལུས་སེམས་ལ་གནོད་སྐྱོན་བཏང་པའི་སྤྱི་ཚོགས་ཀྱི་སྐྱོན་ནད་ཁག་རྩ་མེད་བཟོ་དགོས་ཀྱི་རེད་ཅེས་བརྗོད་འདུག
རྒྱ་ནག་ནང་ཕྲུ་གུ་གཅིག་ལས་མང་བ་སྐྱེས་མི་ཆོག་པའི་ཁྲིམས་གཞི་དེའི་འོག་ལམ་ལུགས་ཀྱི་ཐོག་ནས་རྒྱ་མི་ཚོས་ཕྲུ་གུ་བུ་སྐྱེས་རྒྱུར་འདོད་པ་ཆེ་བ་བྱེད་ཀྱི་ཡོད་པ་དང་མངལ་ནང་ཡོད་པའི་ཕྲུ་གུ་བོུ་མ་སྐྱེས་གོང་ནས་མེད་པ་བཟོ་རྒྱུ་ནི་རྒྱ་ཁྱབ་ཅན་ཞིག་ཡིན་ཞིང་དེར་བརྟེན་ད་ཆ་རྒྱ་ནག་ནང་ཕྲུ་གུ་བུ་དང་བོུའི་གྲངས་ཚད་ཧ་ཅང་འཁོད་མི་སྙོམས་པ་ཆེན་པོ་ཡོད་པ་རེད།