རྒྱ་ནག་གཞུང་གིས་ཨ་རིར་སྐྱོན་བརྗོད་ཀྱི་སྙན་ཐོ་སྤེལ་བ།

རྒྱ་གཞུང་གིས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཧ་ཅང་གི་ཞན་པོ་ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པ་དེར་སྐྱོན་བརྗོད།

2011.04.11

༄༅༎རྒྱ་གཞུང་གིས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཧ་ཅང་གི་ཞན་པོ་ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་རེད་ ཁ་ཉིན་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་ཇེ་ཞན་ཇེ་སྡུག་ཏུ་སོང་བའི་གནས་སྟངས་ཐེར་འདོན་གནང་བར་རེས་གཟའ་ཉི་མ་ཉིན་དེའི་ལན་པོར་རྒྱ་ནག་གིས་གོང་ཞུས་ཀྱི་སྙན་ཐོ་དེ་འདོན་སྤེལ་བྱས་ཡོད་པ་རེད་ རྒྱ་གཞུང་གི་སྙན་ཐོ་དེའི་ནང་ཨ་མི་རི་ཀའི་སྤྱི་ཚོགས་ནང་ཁྲིམས་འགལ་དྲག་སྤྱོད་ཀྱི་གནས་ཚུལ་ཧ་ཅང་གི་མང་པོ་དང་དབུལ་ཕོངས་ཀྱི་དཀའ་ངལ་ མི་རིགས་དང་ཕོ་མོ་དབྱེ་བྱེད་སོགས་སྤྱི་ཚོགས་ཀྱི་དཀའ་རྙོག་མང་དག་ཅིག་ཡོད་པ་མ་ཟད་ཨི་རཀ་དང་ཨཕ་གྷནིས་ཏན་ནང་གི་ཨ་རིའི་དགྲ་བོའི་དམག་མིར་དྲག་རྩུབ་ཀྱི་བྱ་སྤྱོད་སྣ་ཚོགས་དང་ཨ་མི་རི་ཀའི་གཞུང་གི་ལམ་ལུགས་དེ་དངུལ་ཡོད་མཁན་གྱིས་དབང་ཤེད་ཐོག་ཤོར་ཡོད་སྐོར་ཧམ་བཤད་ཆེན་པོའི་ཐོག་སྙན་ཐོ་དེ་འདོན་སྤེལ་བྱས་ཡོད་པ་རེད་ གོང་ཞུས་རྒྱ་གཞུང་གི་སྙན་ཐོ་དེ་ལོ་ངོ་འགའ་ཤས་སྔོན་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་སྙན་ཐོ་འདོན་སྤེལ་གནང་བར་དེའི་ལན་པོའི་ཚུལ་དུ་འདོན་སྤེལ་བྱེད་འགོ་ཚུགས་ཡོད་པ་རེད་ ཡང་རྒྱ་གཞུང་གི་སྙན་ཐོ་དེའི་ནང་ཨ་མི་རི་ཀའི་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཧ་ཅང་གི་ཞན་པོ་ཡོད་པ་དེར་ལོང་བ་བཞིན་མ་བལྟས་པ་མ་ཟད་དེའི་སྐོར་གང་ཡང་བཀོད་མེད་སྐོར་སྐྱོན་བརྗོད་ཀྱི་བརྗོད་ཚིག་མང་དག་ཅིག་བཀོད་ཡོད་པ་རེད་ ཁ་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་འདོན་སྤེལ་གནང་བ་དེའི་ནང་དེང་སྐབས་རྒྱ་ནག་ནང་དམ་བསྒྲགས་ཧ་ཅང་གི་ཆེ་བས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་མ་ཟད་བོད་ནང་དང་ཤིང་ཅང་ནང་དྲག་གནོན་དེ་ཇི་ཤུགས་ཆེ་རུ་སོང་ཡོད་པ་འཐེར་འདོན་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎